| | e-texts navigator
|
5a1 ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་བཟའ་བ་དང་། བཏུང་བ་དང་། གནས་དང་། མལ་ཆ་དང་། སྟན་རྣམས་ལ་དྲན་པ་ལེགས་པར་གནས་པ་ཡིན་ཏེ། དེ་དག་ལ་སྤྱོད་པ་ནོར་མྱེད་པར་མི་བྱེད་ཅིང་ཆགས་པའི་སེམས་མེད་པ་ཡིན་ནོ། །གལ་ཏེ་དེ
5a2 ཡོངས་སུ་སྤྱོད་པ་ན་བདེ་བ་སྐྱེད་པ་ལྟ་ན་དེས་དེ་ལ་འདི་ལྟར་ཉེ་བར་བརྟག་པར་བྱ་སྟེ། བདེ་བར་སྣང་བ་འདི་ནི་བཟློག་པའི་སྒོ་ནས་སྡུག་བསྔལ་ཡིན་ཏེ། ཁམས་གསུམ་པ་འདི་ན་འདུས་བྱས་ཀྱི་དངོས་པོ་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན།
5a3 འདུས་བྱས་མི་རྟག་པའི་ཕྱིར་རོ། །མཁས་པའི་རང་བཞིན་ཅན་དག་དངོས་པོ་མི་རྟག་པ་རྣམས་ལ་བདེ་བའི་འདུ་ཤེས་ཇི་ལྟར་སྐྱེད་སྙམ་དུ་རྟག་པར་བྱའོ། །ཚངས་པ་གལ་ཏེ་བྱང་ཆུབ་སེམས་དཔའ་ཡོངས་སུ་སྤྱོད་པ་ན་སྡུག་བསྔལ་ཁོ་ན་སྐྱེ
5a4 བའི་བདེ་བ་ནི་མ་ཡིན་ཏེ། སྡུག་བསྔལ་དེས་ཀྱང་ཡོངས་སུ་གནོན་ཅིང་ཉོན་མོངས་ན་དེས་དེ་ལ་སེམས་འདི་ལྟར་ཉེ་བར་བཞག་པར་བྱ་སྟེ། ལུས་འདི་ནི་བསྒྲིམ་ཏེ་ཡོངས་སུ་བསྐྱེད་དགོས་པ། གསུག་གིས་བསྒྲུབ་དགོས་པ་སྟེ། འདི་ནི
5a5 སྡུག་བསྔལ་རྩོམ་པས་གཟུང་བར་མི་ནུས་ཀྱི། བདེ་བ་རྩོམ་པས་གཟུང་བ་བྱ་བ་ཡིན་ཏེ། བདག་གི་ལུས་བརྟན་ཞིང་འཚོ་བ་འདིས་དགེ་བའི་ཆོས་རྣམས་བསྒྲུབ་པར་བྱའོ། །དཔེར་ན་རྙེད་པ་འདོད་པའི་ཚོང་པ་ཁུར་ཁལ་རྣམས་སྟོང
5a6 བྲན་བྱེད་བཅོས་ལེགས་བྱེད་པ་ནི་ཁུར་ཁལ་རྣམས་རྒྱན་པའི་ཕྱིར་མ་ཡིན། བདེ་བར་བྱ་བའི་ཕྱིར་མ་ཡིན་གྱི་གཞན་དུ་ན་ཇི་ཙམ་དུ་ཁལ་བཀལ་བ་བསྐུར་བའི་ཕྱིར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཁ་ཟས་ཟ་བ་ཡང་ལུས
5a7 བརྒྱན་པའི་ཕྱིར་ཟས་ཟ་བ་མ་ཡིན། ལུས་བདེ་བར་བྱ་བའི་ཕྱིར་མ་ཡིན་ཏེ། གཞན་དུ་ན་ཇི་ཙམ་ལུས་དང་འབྲེལ་བའི་དགེ་བའི་ཕྱོགས་བསྒྲལ་བའི་ཕྱིར་རོ་སྙམ་དུ་སེམས་ཉེ་བར་བཞག་པར་བྱའོ། །ཚངས་པ་གལ་ཏེ་བྱང་ཆུབ
5a8 སེམས་དཔའ་དེ་བཞིན་གཤེགས་པས་གསུངས་པའི་གཉེན་པོས་སེམས་ཤེས་པར་བྱེད་མི་ནུས་ན། དེས་འདི་སྙམ་དུ་བསམ་པར་བྱ་སྟེ། སེམས་ཤེས་བྱ་བ་འདིས་ནི་མཐར་ཕྱིན་པར་དཀའ་བ། མི་མཐུན་པ་འཛིན་པ། འཁོར་བ་ལ
iiif viewer powered by OpenSeadragon
4b - 5b