| | e-texts navigator
|
54a1 པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བའི་འོད་རང་གི་དགེ་བའི་རྩ་བས་ཡོངསུ་སྦྱངས་པ་ཁྱོད་ཀྱིས་སྟོན་ཅིག་། དེ་ནས་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ཀྱིས་བཅོམ་ལྡན་འདས་ལ་ལེགས་སོ། །ཞེས
54a2 གསོལ་ཏེ་མཉན་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པས་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགསུ་ཐལ་མོ་སྦྱར་ནས། ལག་པ་གཡས་པ་དྲ་བ་ཅན་གྱི་སེན་མོ་ཟང་ལྟ་བུ་ལས་འོད
54a3 ཟེར་བྱུང་ནས་འོད་ཟེར་དེས་ཚད་མེད་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཐལ་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་རྣམས་འོད་ཀྱིས་ཁྱབ་པར་བྱས་ཏེ། འོད་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད
54a4 པ་ན་སེམས་ཅན་དམྱལ་བ་པའི་སེམས་ཅན་ནམ། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་འམ། གཤིན་རྗེའི་འཇིག་རྟེན་པ་འམ། ལོང་བ་འམ། འོན་པ་འམ། ཐེང་པོ་འམ། ལག་ཞ་འམ། ནད་བུ་ཅན་ནམ། ཆགས་པ་འམ།
54a5 གཏུམ་པ་འམ། རྨོངས་པ་འམ། གཅེར་བུ་འམ། ལྟོགས་པ་འམ། སྐོམ་པ་འམ། བཅིངས་པ་འམ། གཟུང་བ་འམ། དབུལ་བ་འམ། རད་པ་འམ། རྒས་པ་འམ། འཆི་བའི་ཆོས་ཅན་ནམ། སེར
54a6 སྣ་ཅན་ནམ། གནོད་པར་སེམས་པ་འམ། ངང་ཚུལ་ངན་པ་ཅན་ནམ། འཛུད་པ་འམ། དྲན་པ་ཉམས་པ་འམ། འཆལ་པའི་ཤེས་རབ་ཅན་ནམ། མ་དད་པ་འམ། ཐོས་པ་ཉུང་བ་འམ། བསོད་ནམས་ཆུང་བ
54a7 འམ། ངོ་ཚ་མི་ཤེས་པ་དང་། ཁྲེལ་མེད་པ་འམ། ལྟེ་བ་ཐེབས་པོར་གྱུར་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་འོད་དེས་རེག་མ་ཐག་ཏུ་བདེ་བ་ཐམས་ཅད་དང་ལྡན་པར་གྱུར་ཏོ། །སེམས་ཅན་གང་ཡང་འདོད་ཆགས
54a8 དང་། ཞེ་སྡེང་དང་། གཏི་མུག་དང་། ང་རྒྱལ་དང་། འཆབ་པ་དང་། ཕྲག་དོག་དང་། ཁྲོ་བའི་ཡོངསུ་གདུང་བས་ཉམ་ང་བར་གྱུར་པ་མེད་དོ། །སེམས་ཅན་ཐམས་ཅད་ཀྱང་དགའ་བ་དང་བདེ་བ་དང་ལྡན་པར
iiif viewer powered by OpenSeadragon
53b - 54b