| | e-texts navigator
|
2b1 འདས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ་བདག་གིས་ལུད་པ་བསལ་བའི་སྒྲ་འམ་སྨྲ་བ་ཙམ་གྱིས་བཞེངས་པར་གསོལ་བ་ནི་བདག་གི་ཆ་མ་ཡིན་གྱིས་བདག་གིས་ཚིགས་སུ་བཅད་པ་དག་གིས་བཅོམ་ལྡན་འདས་བཞེངས་པར་གསོལ། གོར་མ་ཆག་སྙམ
2b2 སྟེ་དེ་ནས་མི་འཇེད་ཀྱི་བདག་པོ་ཚངས་པས་བླ་གོས་ཕྲག་པ་གཅིག་ཏུ་གཟེར་ནས་འདུག་བཞིན་དུ་བཅོམ་ལྡན་འདས་ག་ལ་བ་དེར་ལོགསུ་ཐལ་མོ་སྦྱར་བ་བཏུད་དེ་མགོ་བཏུད་ནས། བཅོམ་ལྡན་འདས་ལ་ཚིགསུ་བཅད་པ་དག་གིས་བཞེངས་པར་གསོལ་ཏོ། །
2b3 མ་གོས་དྲི་མ་མ་མཆིས་རྣམ་པར་དག་།ལྷ་དང་མི་མཆོག་རྣམས་དང་དྲི་ཟ་དང་། །ཀླུ་དང་ལྷ་མིན་རྣམས་ཀྱིས་ལེགས་མཆོད་པ། །སེམས་ཅན་སྨན་སླད་མགོན་པོ་ཁྱོད་ལ་མཆོད། །དཔེར་ན་རི་ནི་རབ་ཏུ་མི་གཡོས་དང་། །ཇི་ལྟར་རྒྱ་མཚོ་གཏིང་ནི་མི་དཔོགས་ལྟར། །བདུད
2b4 རྣམས་ཐམས་ཅད་ཀྱིས་ཀྱང་མི་གཡོས་ལ། །ཐུབ་པ་སྐྱེས་བུ་མཆོག་ནི་བསམ་གཏན་མཛད། །ཟང་ཟིང་མི་མངའ་མཚན་མ་མི་མངའ་ཞིང་། །ཐ་དད་མི་མངའ་བརྟན་པ་མི་མངའ་ལ། །གནས་མི་མངའ་ཞིང་སྣང་བ་མི་མངའ་བའི། །ཐུབ་པ་སྐྱེས་བུ་དམ་པ་བསམ་གཏན་མཛད། །
2b5 རྟོག་གི་རྒྱུས་ཀྱི་ཡུལ་ནི་མ་ལགས་ཤིང་། །བྱིས་པ་རྣམས་ཀྱི་སྤྱོད་ཡུལ་མ་ལགས་པ། །སེམས་དང་སེམས་ལས་བྱུང་བས་རབ་འདས་པ། །བསམ་གཏན་ཕ་རོལ་གཤེགས་པ་བསམ་གཏན་མཛད། །མགོན་པོ་སེང་གེ་བཞིན་དུ་གསུངས་ཡང་སྒྲོག་།ཐུབ་པ
2b6 འབྲུག་བཞིན་སྒྲོགས་པ་རབ་ཏུ་མཛད། །དཔའ་བོ་ཟླ་བ་བཞིན་དུ་རབ་ཏུ་མཛེས། །སེམས་ཅན་དཀོན་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མི་འཇེད་ཀྱི་བདག་པོ་ཚངས་པས་བསྐུལ་བའི་ཚིགསུ་བཅད་པ་འདི་དག་གིས་བསྐུལ
2b7 བར་ཐུགས་སུ་ཆུད་ནས་ཇི་ལྟར་སྐྱིལ་མོ་དཀྲུང་བཅས་པ་དེ་ཉིད་ཀྱི་ཏིང་ངེ་འཛིན་དེ་ལས་བཞེངས་སོ། །བཞེངས་ནས་བཅོམ་ལྡན་འདས་ཀྱིས་མི་འཇེད་ཀྱི་བདག་པོ་ཚངས་པ་ལ་སྦྲན་པའི་ཕྱིར་མགུར་བསལ་བའི་སྒྲ་མཛད་པ་དང་། མི་འཇེད་ཀྱི་བདག
2b8 པོ་ཚངས་པས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། ཇི་ལྟར་སྐྱིལ་མོ་དཀྲུང་བཅས་པ་དེ་ཉིད་ཀྱིས་བཞུགས་པ་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས
iiif viewer powered by OpenSeadragon
2a - 3a