| | e-texts navigator
|
13a1 ཡོན་གྱི་ཁྱད་པར་ལ་ཡིད་ཆེས་པ་དང་། དེ་བཞིན་གཤེགས་པའི་ཕོ་ཉ་དང་། ཉེ་བར་སྤྱོད་པ་དང་། སངས་རྒྱས་ཀྱི་སྣང་དུ་རུང་བ་དང་། དཀོན་མཆོག་གསུམ་གྱི་གདུང་སྡུད་པ་དང་། དམ་པའི་ཆོས་འབར་བར་བྱེད་པ་དང་། སྐྱེ་བོ་མང་པོ
13a2 ཡོངས་སུ་སྨིན་པར་བྱེད་པ་སྟེ། བཅུ་པོ་དེ་དག་གི་ཡིན་ནོ། །རྒྱལ་པོ་ཆེན་པོ་ཆོས་ལྔ་པོ་འདི་དང་ལྡན་པའི་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ནི་ཇི་སྐད་སྨོས་པའི་ཡོན་ཏན་འདི་དག་ཐོབ་པར་འགྱུར་རོ། །དེ་ནས་བྱང་ཆུབ
13a3 སེམས་དཔའ་མཐོང་བ་དོན་ཡོད་ཀྱིས་དེའི་ཚེ་ཚིགསུ་བཅད་པ་འདི་སྐད་སྨྲས་སོ། །རྒྱལ་པོ་སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་ལྷག་པའི་བསམ་པ་གཡོ་མེད་པས། །དད་པ་དང་ནི་དང་བ་མི་ཕྱེད་པ། །དེ་ལ་ཡོན་ཏན་འདི་དག
13a4 དཀོན་པ་མེད། །བཅོས་མ་མ་ཡིན་ཤེས་ནས་དད་པ་སྐྱེས། །དེ་ལ་དངོས་པོ་ཅི་ཡོད་སྲེ་བ་མེད། །བྱིན་ནས་ཀྱང་ནི་དེ་ལ་འགྱོད་པ་མེད། །འདིར་ནི་ཡོན་ཏན་དེ་དག་དད་པའི་མཚན། །དེ་དག་བསམ་པ་རྟག་ཏུ་རྙོག་པ་མེད། །མི་ཕྱེད་རི
13a5 རབ་བཞིན་དུ་སྐྱོད་དུ་མེད། །བུམ་པ་གང་བ་ལེགས་གནས་མི་གཡོ་ལྟར། །དེ་དག་དད་པ་ཤིན་དུ་གཡོ་མེད་པ། །མཐོང་ལ་མ་མཐོང་ཐོས་ལ་མ་ཐོས་པ། །གང་དག་རི་བཞིན་དུ་ནི་གཡོ་བ་མེད། །དེ་དག་ལྟ་བུ་དད་པའི་མཚན་ཉིད་དེ། །
13a6 གནས་རྣམས་ཀུན་དུ་ནམ་ཀྱང་འགྱུར་བ་མེད། །ཞི་བ་འདོད་ཕྱིར་ཆོས་འདོད་གང་ཡིན་པ། །མཁས་པ་དེས་ནི་ཆོས་དོན་ཀུན་སྤོངས་ཤིག་།དེ་སྤངས་ནས་ཀྱང་དེ་ལ་སེམས་པ་མེད། །དེ་དག་ཆོས་འདོད་རྣམས་ཀྱི་མཚན
13a7 ཉིད་དོ། །སྐྱེ་བོའི་བདག་པོ་གང་ཞིག་ཆོས་འདོད་པ། །གང་ཚེ་ལེགས་པར་གསུངས་པ་མི་ཉན་པ། །ས་བོན་རུལ་པ་ཞིང་ངན་བཏབ་པ་ལྟར། །འདྲེན་པའི་བསྟན་པ་དག་ལ་སྐྱེ་མི་འགྱུར། །ཐོས་ཀྱང་འདི་ལ་བདག་ནི་མཁས་སྙམ
13a8 སེམས། །ཆོས་རྣམས་རང་བཞིན་ཅི་འདྲ་རྟོགས་སྙམ་སྟེ། །ལྷག་པའི་བསམ་པས་སྤྱོད་པ་མ་དག་ལ། །གཉིས་སེམས་ལྡན་ལ་དག་པ་ག་ལས་འོང་། །ཆོས་འདོད་གང་དག་དྲན་པའི་བློ་དང་ནི། །གུས་བཅས་གཡོ་མེད་ལུག་ལྟར་ལྐུག་མེད་པ། །
iiif viewer powered by OpenSeadragon
12b - 13b