| | e-texts navigator
|
10a1 རྣམས་དང་། ཆོས་འདུལ་བ་འདི་ལ་རབ་ཏུ་བྱུང་ནས་རིང་པོར་མ་ལགས་ཤིང་མཆིས་ནས་རིང་པོ་མ་ལགས་པ་རྣམས་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སྐྱེས་བུ་དམ་པ་འདི་དག་གིས་ཐོས་ན་དགའ་བ་དང་། དད་པ
10a2 དང་ཐོབ་པར་འགྱུར། བསླབས་པ་དེ་ལ་ཡང་སྦྱོར་བར་བརྩོན་པར་གནས་པར་འགྱུར་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མི་འཇེད་ཀྱི་བདག་པོ་ཚངས་པ་ལ་གང་བཤད་པ་དེ་དགེ་སློང་དེ་དག་ལ་ཡང་བཤད་དོ། །དེ་ནས་བཅོམ་ལྡན
10a3 འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལེགས་པར་བཀའ་སྩལ་ཏོ། །བདེ་བར་གཤེགས་པ་ལེགས་པར་བཀའ་སྩལ་ཏོ། །མི་འཇེད་ཀྱི་བདག་པོ་ཚངས་པས་མདོ་སྡེ་འདི་ལྟ་བུ
10a4 དག་ཡོངསུ་ཞུ་བའི་སླད་དུ་བཅོམ་ལྡན་འདས་ཀྱི་ཐད་དུ་མཆིས་ནས་ཞུས་པ་ཡང་ལེགས་པར་སྨྲས་པ་ལགས་སོ། །བཅོམ་ལྡན་འདས་མི་འཇེད་ཀྱི་བདག་པོ་ཚངས་པས་གལ་ཏེ་དགེ་བའི་རྩ་བ་གཞན་མ་མཆིས་ན་ཡང་ཞུ་བ་ཞུས་པའི
10a5 མདོ་ལ་སྐྱེས་པའི་དགེ་བའི་རྩ་བ་འདི་ཁོ་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ལགསོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དགེ་བའི་རྩ་བ་དེའི་མཐའ་དང་མུ་ནི
10a6 ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་རྟོགས་པར་ངོ་མི་ཐོག་པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་མི་འཇེད་ཀྱི་བདག་པོ་ཚངས་པས་ཞུ་བ་འདི། སེམས་ཅན་ཐམས་ཅད་ཀྱི་སྤྱིའི་དོན་དུ་ཞུས་པའི
10a7 སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས། །འདིའི
10a8 མིང་ཅི་ལགས། འདི་ཇི་ལྟར་བཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་འདི་ཚངས་པས་ཞུས་པ་ཞེས་བྱ་བ་ཟུང་ཤིག་།དྲན་པ་ཉེ་བར་བཞག་པའི་ཚུལ་བསྟན་པ་ཞེས་བྱ་བར
iiif viewer powered by OpenSeadragon
9b - 10b