e-texts navigator
Collection
Volume
Page
Wylie

63b1 མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་དོགས་པ་དང་བྲལ་ཞིང་ཐེ་ཙོམ་ཐམས་ཅད་སྤངས་ལ་དོགས་པའི་ཟུག་རྔུ་ཐམས་ཅད་བསལ་བ་ཐོབ་པར་བགྱིས་ཏེ། དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ། །བྱང
63b2 ཆུབ་སེམས་དཔའ་རྣམ་པར་སྣང་བྱེད་ཀྱིས་གསོལ་པ། བཅོམ་ལྡན་འདས་ཆོས་ལ་མི་གནས་ཤིང་སྒྲུབ་པ་ཉམས་པས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ཆོས་ལ
63b3 གནས་ཤིང་སྒྲུབ་པ་སྙིང་པོར་བགྱིད་ཏེ་སེམས་ཅན་རྣམས་ཡང་དག་པའི་ནན་ཏན་ལ་རབ་ཏུ་དགོད་ཅིང་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ། །བྱང་ཆུབ་སེམས་དཔའ་སྣང་བ་མཐོང་བས་གསོལ་པ། བཅོམ
63b4 ལྡན་འདས་ཤེས་རབ་འཆལ་པ་ཆོས་ཀྱི་སྣང་བ་དང་བྲལ་བས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ཤེས་རབ་ཀྱིས་རྣམ་པར་ངེས་པའི་ཡེ་ཤེས་ལ་མཁས་ཤིང་ཆོས་ཀྱི་སྣང
63b5 བ་དང་ལྡན་པས་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ། །བྱང་ཆུབ་སེམས་དཔའ་ཞེ་འགྲས་པ་མེད་པའི་བློ་གྲོས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཞེ་འགྲས་པའི་སེམས་དང་སེམས་ཅན་རྗེས་སུ་མི་སྲུང
63b6 བའི་བློས་དམ་པའི་ཆོས་ཡོངས་སུ་གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ཞེ་འགྲས་པ་མི་མཆིས་པའི་སེམས་དང་སེམས་ཅན་རྗེས་སུ་བསྲུང་བ་ལ་གནས་པས་དམ་པའི་ཆོས་ཡོངས་སུ་གཟུང་བར
63b7 བགྱིའོ། །བྱང་ཆུབ་སེམས་དཔའ་སྤྱོད་པ་རྣམ་དག་བློ་གྲོས་ཀྱིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་གྱི་དབང་པོ་ལ་མི་མཁས་ཤིང་སེམས་ཅན་གྱི་སྤྱོད་པའི་ཆོ་ག་མ་འཚལ་བས་དམ་པའི་ཆོས་ཡོངས་སུ
63b8 གཟུང་བར་མི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་སེམས་ཅན་གྱི་དབང་པོ་དང་སྤྱོད་པ་ཤེས་པ་ལ་ཞུགས་ལ་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ། །བྱང་ཆུབ་སེམས་དཔའ་བཀོད་པའི་རྒྱལ་པོས




iiif viewer powered by OpenSeadragon

63a - 64a

Texts on this page

J96 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo