e-texts navigator
Collection
Volume
Page
Wylie

4b1 རྒྱ་ཆེན་པོ་འདི་དག་ཀུན་དུ་གདའ་བ་འདི་དག་སུའི་སྔ་ལྟས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །
4b2 བྱམས་པ་འོག་གི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱིས་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན་འཇིག་རྟེན་གྱི་ཁམས་ཡོན་ཏན
4b3 ར་ཨིན་པོ་ཆེ་དྲི་མ་དང་བྲལ་བ་དཔག་ཏུ་མེད་པ་བཀོད་པས་བརྒྱན་པ་ཞེས་བྱ་བ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱ་མཚོའི་མཆོག་མངའི་བློས་རྣམ་པར་རོལ་པ་མངོན་པར
4b4 འཕགས་པའི་མངོན་པར་མཁྱེན་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་ཡོད་དེ། སངས་རྒྱས་ཀྱི་ཞིང་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ཞེས་བྱ་བ། བྱང་ཆུབ
4b5 སེམས་དཔའ་སེམས་དཔའ་ཆེན་པོ་བགྲང་བ་ལས་འདས་པ་དག་དང་ལྷན་ཅིག་ཏུ་ང་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་བསྟན་པ་འདི་ལས་གཏམ་གྱི་རྒྱུད་འགའ་ཞིག་དྲི་བའི་ཕྱིར་འཇིག་རྟེན་གྱི
4b6 ཁམས་མི་མཇེད་འདིར་འོང་བར་འགྱུར་ཏེ། འདི་ནི་དེའི་སྔ་ལྟས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལགས། བྱང་ཆུབ་སེམས་དཔའ་བློ་གྲོས
4b7 རྒྱ་མཚོ་ཐག་རིང་པོ་དེ་སྲིད་ཅིག་ན་མཆིས་ཤིང་ཆོས་ཀྱི་རྣམ་གྲངས་འདི་ཉན་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ཇི་ལྟར་ངའི་མདུན་ན་ཆོས་ཀྱིས་རྣམ་གྲངས་འདི་ཉན་པ་དེ་བཞིན་དུ
4b8 བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ཡང་འཇིག་རྟེན་གྱིས་ཁམས་དེ་ན་འདུག་ཅིང་ཆོས་ཀྱི་རྣམ་གྲངས་འདི་ཉན་ཏོ། །ཤཱ་རིའི་བུ་ཁྱོད་ཀྱིས་ཇི་ལྟར་ང་དང་ཐམས་ཅད་དང་ལྡན་པའི་འཁོར་འདི




iiif viewer powered by OpenSeadragon

4a - 5a

Texts on this page

J96 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo