e-texts navigator
Collection
Volume
Page
Wylie

41b1 གྱུར་ལ་དེ་ནས་འགའ་ཞིག་མེ་དེའི་གན་དུ་སོང་སྟེ་འདི་སྐད་ཅེས་སྨྲས་སོ། །ཅིའི་ཕྱིར་ཁྱོད་དཔུང་མི་སྡུད། ཁྱོད་རྩཝ་དང་ཤིང་འདི་དག་ལས་གཅིག་པུས་རྒྱལ་བར་བྱ་སྙམ་འམ། དེ་ནས་མི་དེས་འདི་སྐད་ཅེས་སྨྲས་སོ།
41b2 འདིར་བདག་གིས་དཔུང་བསྡུ་བར་བྱ་མི་དགོས་སོ། །དེ་ཅིའི་ཕྱིར་ཞེ་ན། རྩཝ་དང་ཤིང་ཕྱིར་རྒོལ་བ་དེ་དག་ཉིད་བདག་གི་གྲོགས་ཡིན་ཏེ། ཇི་ལྟ་ཇི་ལྟར་འདི་དག་མང་པོར་གྱུར་པ་དེ་ལྟ་དེ་ལྟར་བདག་སྟོབས་དང་རབ་ཏུ
41b3 ལྡན་པར་འགྱུར་རོ། །གལ་ཏེ་འདི་དག་མེད་པར་གྱུར་ན་བདག་ཀྱང་མྱུར་དུ་འཆིའོ། །ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཚད་མེད་པ་དག་ལ་ཤེས
41b4 རབ་ཀྱི་མི་ཚད་མེད་པ་རབ་ཏུ་གཏོང་བ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་ཤིན་ཏུ་སྟོབས་དང་ལྡན་པར་འགྱུར་ཏེ། དེ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དེ་དག་ལ་ཚུལ་བཞིན་དུ་ཉེ་བར་བརྟགས་ན་ཤེས་རབ་ཀྱི་རྒྱུར
41b5 འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་རང་གི་ཉོན་མོངས་པ་མེད་པར་བྱ་བར་འདོད་ཅིང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྣམས་ཀྱིས་གཡེལ་ན་དེ་མྱུར་དུ་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་ལྟུང་བར
41b6 འགྱུར་རོ། །ཤཱ་ར་དྭ་ཏིའི་བུ་ཁྱོད་ཀྱིས་རྣམ་གྲངས་འདིས་འདི་ལྟར་རིག་པར་བྱ་སྟེ། ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ལ་ཚུལ་བཞིན་ཡིད་ལ་བྱེད་པས་ཡང་དག་པ
41b7 ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པ་དེ་ལྟ་དེ་ལྟར་ཤིན་ཏུ་སྟོབས་དང་ལྡན་པར་འགྱུར་སྟེ། གལ་ཏེ་དེ་ལྟ་བུ་ཐོས་ནས་མི་སྐྲག་ན་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་རིག་པར་བྱའོ། །ཤཱ་ར་དྭ་ཏིའི་བུ་འདི་ལྟ
41b8 སྟེ་དཔེར་ན་སྦྲུལ་གདུག་པའི་ཕྲུ་གུ་ནི་གྲོགས་མི་དགོས་པར་ཟའོ། །ཤཱ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཡང་གྲོགས་མི་དགོས་པར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡང་དག་པར་སྡུད་དེ།




iiif viewer powered by OpenSeadragon

41a - 42a

Texts on this page

J96 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo