| | e-texts navigator
|
27b1 ཡིན། ཚིག་མི་བརྟན་པ་མེད་པ་ཡིན། མུ་ཅོར་སྨྲ་བའི་ཚིགས་མེད་པ་ཡིན། གར་གྱི་ལྟད་མོའི་ཚིག་ལྟ་བུ་མེད་པ་ཡིན། ཆོས་དང་འགལ་བའི་ཚིག་མེད་པ་ཡིན། གསང་འཕེལ་བའི་ཚིག་མེད་པ་ཡིན། སེམས
27b2 ཅན་ལ་གནོད་པའི་ཚིག་མེད་པ་ཡིན། བདག་ལ་བསྟོད་པའི་ཚིག་མེད་པ་ཡིན། བཞན་ལ་སྨོད་པའི་ཚིག་མེད་པ་ཡིན། འཕྱ་བ་དང་སྟིང་བའི་ཚིག་མེད་པ་ཡིན། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་འགལ་བའི
27b3 ཚིག་མེད་པ་ཡིན། འཕགས་པ་ལ་སྐུར་པ་འདེབས་པའི་ཚིག་མེད་པ་ཡིན། ངོ་མི་ཆོད་པའི་ཚིག་མེད་པ་ཡིན། ཚིག་འཁྲུལ་པའི་སྐྱོན་ཐམས་ཅད་དང་བྲལ་བའི་ཚིག་ཉིད་ནི་ཚིག་དྲུག་བཅུ་རྩ་བཞི་པ་ཡིན་ཏེ།
27b4 བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་ངག་གི་ལས་ནི་ཚིག་འཁྲུལ་པའི་སྐྱོན་དྲུག་བཅུ་རྩ་བཞི་པོ་དེ་དག་དང་བྲལ་ཞིང་ཡོངས་སུ་དག་པར་འབྱུང་ངོ་། །དེའི་ངག་དེ་ནི་ཕྱད་པར་ལུང་སྟོན་པ་དང་། ཡང་དག་པར
27b5 ལུང་སྟོན་པ་དང་། དེ་ཁོ་ན་ལུང་སྟོན་པ་དང་། བདེན་པ་རྣམ་པར་དགོད་པ་ལུང་སྟོན་པ་དང་། བདེན་པའི་རྗེས་སུ་འབྲང་བ་དང་། སེམས་ཅན་ཐམས་ཅད་ཀྱི་སྐད་ལ་འཇུག་པ་དང་། སེམས་ཅན་ཐམས
27b6 ཅད་ཀྱི་བསམ་པ་ལུང་སྟོན་པ་དང་། སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་སྐུལ་བར་བྱེད་པ་དང་། ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་དང་། སངས་རྒྱས
27b7 ཀྱིས་བྱིན་གྱིས་བརླབས་པ་དང་། ཆོས་དང་མི་འགལ་བ་དང་། བསོད་ནམས་ཀྱི་རྒྱུ་འཐུན་པ་ཤིན་དུ་རྣམ་པར་ཕྱེ་བ་དང་། ཟླ་བ་ལྟར་དྲི་མ་མེད་ཅིང་སྙན་པ་དང་། འདོད་ཆགས་ཀུན་དུ་སྐྱེད་པ་མ་ཡིན་པ་དང་།
27b8 ཚར་གཅད་ནས་ཡོན་ཏན་སྨྲ་བ་དང་། ཞེ་སྡང་མི་སྐྱེད་པ་དང་། ཟབ་ཅིང་གཏིང་དཔག་དཀའ་བ་དང་། གཏི་མུག་ཀུན་དུ་མི་སྐྱེད་པ་དང་། ཕྱོགས་བཅུར་གོ་བར་བྱེད་ཅིང་རྒྱས་པར་འགེངས་པ་དང་། ཚིག་དོན་མེད
iiif viewer powered by OpenSeadragon
27a - 28a