e-texts navigator
Collection
Volume
Page
Wylie

18b1 དུ་སེམས་ཏེ། སེམས་ཅན་འདི་ནི་ལེ་ལོ་ཅན་དགེ་བའི་ཆོས་དང་བྲལ་བ་སྟེ་དེ་ནི་བདག་ལ་གཤེ་ཞིང་བསྡིགས་པའོ། །བདག་ནི་བརྩོན་འགྲུས་བརྩམ་པར་བྱ། དགེ་བའི་རྩ་བ་ཡོངས་སུ་བརྩལ་བ་ལ་མི་ངོམས
18b2 པར་བྱ་སྟེ། སེམས་ཅན་འདི་བྱང་ཆུབ་ཀྱི་སྙིང་པོར་སྔར་ཇེ་འདུག་པར་བྱས་ལ་ཕྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ། དེ་ལྟར་གོ་ཆ
18b3 གྱོན་པ་འདི་ནི་དེའི་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པའོ། །གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་ནི་བརྗེད་ངས་པ་ཤེས་བཞིན་མེད་པ། ཉོན་མོངས་པ་ངེས་པར་བསམས་པ་སྟེ། དེ་ནི་བདག
18b4 ལ་གཤེ་ཞིང་བསྡིགས་པའོ། །བདག་ནི་ཉོན་མོངས་པ་ངེས་པར་བསམ་པར་བྱ། དྲན་པ་དང་ཤེས་བཞིན་ཅན་དུ་བྱ། རྩེ་གཅིག་ཏུ་བྱང་ཆུབ་ཀྱི་སེམས་མི་བརྗེད་པར་བྱ་སྟེ་སེམས་ཅན་མ་དུལ་བ། མ་ཞི་བ། མ་སྦས
18b5 པ། ཉེ་བར་མ་ཉེ་བར་འདི་ལྟ་བུ་དག་གི་དོན་དུ་བདག་གིས་གོ་ཆ་ཆེན་པོ་བགོས་ཏེ་འདི་ལྟར་སེམས་ངེས་པར་སེམས་སུ་གཞུག་གོ། །སྙམ་པ་འདི་ནི་དེའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །གཞན་ཡང་དེ་འདི
18b6 སྙམ་དུ་སེམས་ཏེ། སེམས་ཅན་འདི་ནི་ཤེས་རབ་འཆལ་པ། བདག་ཏུ་སྨྲ་བ། སེམས་ཅན་དུ་ལྟ་བར་དམིགས་པའི་སྤྱོད་ཡུལ་བ་སྟེ་དེ་ནི་བདག་ལ་གཤེ་ཞིང་བསྡིགས་པའོ། །བདག་ནི་ཆོས་ཉིད་ལ་བསྟེན
18b7 པར་བྱའོ་སྙམ་སྟེ་འདི་ལ་གཤེག་བ་དང་ཁྲོ་བ་སུ་ཡིན་ཞེས་ཡོངས་སུ་ཚོལ་བ་ན་གང་གཤེ་བ་དང་ཁྲོ་བའི་ཆོས་དེ་མི་དམིགས་སོ། །དེ་བདག་དང་གཞན་མི་དམིགས་པར་དམིགས་པར་ལྟ་བ་དང་བྲལ་བ་འདི་ནི་དེའི་ཤེས་རབ
18b8 ཀྱི་ཕ་རོལ་དུ་ཕྱིན་པའོ། །བློ་གྲོས་རྒྱ་མཚོ་དེ་ལྟར་ན་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ངན་དུ་བརྗོད་པ་དང་ངན་དུ་སྨྲས་པའི་ཚིག་གི་ལམ་དང་། གཤེ་བ་དང་བསྡིགས་པ་དག་ཕ་རོལ་ལས་ཐོས་ནས་ཕ་རོལ་དུ




iiif viewer powered by OpenSeadragon

18a - 19a

Texts on this page

J96 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo