e-texts navigator
Collection
Volume
Page
Wylie

124b1 ཡོངས་སུ་གཟུང་བའི་ཕྱིར་ནན་ཏན་བྱེད་པར་འགྱུར་བའི་རྒྱལ་པོ་ཆེན་པོ་བཞི་དགུག་པའི་ཚིག་རྣམས་བརྗོད་པར་བྱའོ། །བློ་གྲོས་རྒྱ་མཚོ་དགུག་པའི་ཚིག་དེ་དག་གང་ཞེ་ན། འདི་ལྟ་སྟེ། མེ་ས་མསྟི་ནས་ར་ཎས་ར་བ་ཏེ་ཧན་བྷ་ན་བ་ཏི་དྷུ་དྷུ་མེ་དྷུ་དྷུ་མ་བ་ཏེ་ཨ་བརྟེ་ཨ་མ་ལེ་བི་མ་ལེ།
124b2 བི་ཛ་རེ་ཀ་ཀ་རེ་ཀ་རུ་ཎེ། ཧུ་ཧུ་ཧུ་ཧུ་བ་ཏེ་ཧུ་ཧུ་སྡྷིན། ནིརྒྷ་ཏ་ནི་ཨ་བཏྟེ། ཀླི་བཏྟེ་མ་དྷུ་མ་ཏི་མ་ར་ཛ་ཏེ། བི་ཤུདྡྷེ་བི་ཤུདྷ་བ་ཏི། མི་སུ་ལེ་མ་ནོ་ཧ་རེ། བློ་གྲོས་རྒྱ་མཚོ་འདི་དག་ནི་དགུག་པའི་ཚིག་རྣམས་ཡིན་ཏེ། ཚིག་དེ་དག་གིས་རྒྱལ་པོ་ཆེན་པོ་བཞི་བཀུག་ནས
124b3 ཆོས་ཀྱི་རྣམ་གྲངས་འདི་ཀུན་ཏུ་བསྲུང་བ་དང་། ཆོས་སྨྲ་བ་དེ་ཡང་ཡོངས་སུ་གཟུང་བའི་ཕྱིར་ནན་ཏན་བྱེད་པར་འགྱུར་རོ། །སྔགས་ཀྱི་ཚིག་འདི་རྣམས་ཆོས་སྨྲ་བ་དེས་ལེགས་པར་ཁ་དོན་དུ་བྱས་ཏེ། ཕྱོགས་བཞིར་བྱམས་པས་ཁྱབ་པར་བྱས་ལ་རྒྱལ་པོ་ཆེན་པོ་བཞི
124b4 བསམ་ན། སྔགས་ཀྱི་ཚིག་འདི་དག་གིས་རྒྱལ་པོ་ཆེན་པོ་བཞི་བཀུག་ནས་འོང་བར་འགྱུར་རོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེ་དག་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད
124b5 ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱལ་པོ་ཆེན་པོ་བཞི་པོ་བདག་ཅག་ལྷན་ཅིག་ཏུ་འཐུན་པར་གང་ན་ཡང་དག་པ་དང་ལྷན་ཅིག་པའི་རྒྱུད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་འཆད་པར་འགྱུར་བ་དེར། ཆོས་ཀྱི་རྣམ་གྲངས་འདི་ཡང
124b6 ཀུན་ཏུ་སྲུང་བ་དང་ཆོས་སྨྲ་བ་དེ་ཡང་ཡོངས་སུ་གཟུང་བ་དང་། ཅི་ནས་གང་གིས་ཀྱང་མ་བསྒྲིབས་པ་འམ་གནད་པར་བགྱིད་པར་མི་འགྱུར་བར་བགྱི་བའི་སླད་དུ་མཆི་བར་བགྱིའོ། །བློ་གྲོས་རྒྱ་མཚོ་གཞན་ཡང་ལྷའི་དབང་པོ་བརྒྱ་བྱིན་དགུག་པའི་ཚིག་བརྗོད
124b7 པར་བྱ་སྟེ། ཚིག་དེ་དག་གིས་ལྷའི་དབང་པོ་བརྒྱ་བྱིན་དགུག་པར་འགྱུར་རོ། །ལྷའི་དབང་པོ་བརྒྱ་བྱིན་དགུག་པར་འགྱུར་བའི་ཚིག་དེ་དག་གང་ཞེ་ན། འདི་ལྟ་སྟེ་ཛ་ཡེ་ཛ་ཡ་མ་ཏི་ཨདྡེ་མཊྚེ་མ~ཾ་ཀུ་རེ་སིདྡྷ་མ་ཏི་ཤུ་བྷི་ཤཱནྟི་ཀ་རེ་ན་ད་ནེ་དཱནྟེ་དཱནྟེ་མ་ཏ། ཏངྐ་རེ་ཀྵ་ཡ་ཀྵ་ཡ་མུ་ཁེ་ཡ།
124b8 བཏྟ་ནི་བི་བནྟ་ནི་པ་རི་ཙྪེ་དྀ་སྨྲི་ཏི་སྨྲི་ཏི་སནྡྷིཿ་ཨཱ་གཙྪ་ཀཽ་ཤི་ཀ་།ནིརྫི་ཏཱ། ཨ་སུ་ར། ཛ་ཡནྟི་དེ་བ་ས་མ་ཡ་སྟེ་ཨ་བ་དྷརྨ་ནིརྫི་ཏོ། ར་མ་ཧི་སྭཱསྟི་ཡ་ནཱ་མ་བྷ་ད་ནཱཾ་ཨ་རཀྵ་དྷརྨ་ཙཱ་རི་ཎཱཾ། བློ་གྲོས་རྒྱ་མཚོ་འདི་དག་ནི་ལྷའི་དབང་པོ་རྒྱ་བྱིན་དགུག་པའི་ཚིག་སྟེ་དེ་དག་གིས་ལྷའི་དབང་པོ་རྒྱ་བྱིན་དགུག




iiif viewer powered by OpenSeadragon

124a - 125a

Texts on this page

J96 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo