e-texts navigator
Collection
Volume
Page
Wylie

123a1 བཀའ་སྩལ་པ། གྲོགས་པོ་དག་མེ་ཏོག་འདི་དག་ནི་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེ་ནས་འོངས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་གིས་ང་ལ་མཆོད་པའི་ལས་ཀྱི
123a2 ཕྱིར་གཏོར་ཏོ། །གསོལ་པ་བཅོམ་ལྡན་འདས་བདག་ཅག་གིས་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་འཇོམ་པ་དེ་དང་། བདུད
123a3 སྡིག་ཅན་འཇིག་རྟེན་གྱི་ཁམས་དེ་ན་ཅི་བགྱིད་པ་བལྟ་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་དེས་གསོལ་བ་བཏབ་པ་མཁྱེན་ནས། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་བཀའ་སྩལ་པ།
123a4 རིགས་ཀྱི་བུ་ཁྱོད་ཀྱིས་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་འཇོམ་པ་དེ་དང་། བདུད་སྡིག་ཅན་དེ་འཁོར་འདི་ལ་སྟོན་ཅིག་།དེ་ནས
123a5 བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་བས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་སོར་མོ་བཅུ་ལས་འོད་ཟེར་སྟོང་ཕྲག་ཕྱུང་ནས། འོད་ཟེར་དེ་དག་གིས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད
123a6 པ་དེ་དག་ལས་འདས་ནས་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེར་ཐམས་ཅད་དང་ལྡན་པའི་འཁོར་དེས་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན
123a7 གྱི་ཁམས་དེ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་འཇོམ་པ་དེ་དང་། བདུད་སྡིག་ཅན་ཆོས་ཀྱི་ཁྲི་ཆེན་པོ་ལ་འདུག་སྟེ་འདུས་པ་ཆེན་པོའི་ལེའུའི་གཏམ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ
123a8 ཡང་མཐོང་ངོ་། །མཐོང་ནས་ཀྱང་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ནས་རང་རང་གི་པད་མའི་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་འཇོམ་པ་དེ་ལ་ཕྱག་འཚལ




iiif viewer powered by OpenSeadragon

122b - 123b

Texts on this page

J96 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo