| | e-texts navigator
|
118a1 བསོད་ནམས་ཀྱི་ཚོགས་ཀྱིས་བརྟན་པར་གྱུར། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན་ཞིང་དེ་གཟུགས་དང་ལོངས་སྤྱོད་དང་། གཡོག་འཁོར་དང་། དབང་ཕྱུག་གི་སྟོབས་ཀྱིས་རྒྱག་ཤིང
118a2 བག་མ་མཆིས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་གང་དག་རབ་ཏུ་བྱུང་བར་གཏོགས་པ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཚོལ་བ་ལ་བརྩོན་པ། གདུགས་དང་བསེར་མེས་ཤ་དང་ཁྲག
118a3 སྐམས་པ། རྐེ་བ། ཉམ་ཆུང་བ། ལུས་རྩཝས་ཡོག་པ། མགོ་དང་གོས་ལ་ཞུགས་འབར་བ་བཞིན་དུ་གདུགས་མཚན་དུ་བརྩོན་འགྲུས་བརྩམས་པ། དགེ་བའི་ཆོས་ཡོངས་སུ་ཚོལ་བ་ལ་རྟག་ཏུ་བརྩོན་པ་དང་ལྡན་པ་དེ་དག
118a4 ལ་རྐེ་ཞིང་ཉམ་ཆུང་ལ་མདོག་ངན་ཅིང་མི་སྡུག་པར་རིག་ནས་བརྙས་པར་བྱའོ་སྙམ་དུ་སེམས་ཤིང་། དེ་དག་ལས་ལེགས་པར་བཤད་པ་ཉན་པར་མི་འཚལ་གྱི་དེ་དེ་བས་ཤས་ཆེར་དམན་ཞིང་ཆེས་རྨུགས་པར་འགྱུར་བ་འདི་ནི།
118a5 བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་རྒྱགས་པ་དང་བག་མ་མཆིས་པ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་བཅུ་གཉིས་པའོ། །བཅོམ་ལྡན་འདས་བཅུ་གཉིས་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས
118a6 ཀྱི་བདུད་ཀྱི་ལྕགས་ཀྱུ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་ལས་ཤིན་དུ་མ་འདས་ན་ཐ་ན་རྗེས་སུ་འཐུན་པའི་བཟོད་པ་ཡང་མི་འཐོབ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར
118a7 འཚང་རྒྱ་བ་ལྟ་སྨོས་ཀྱང་ཅི་འཚལ་ཏེ་དེ་ནི་གནས་མ་མཆིས་སོ། །བཅོམ་ལྡན་འདས་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་གྱ
118a8 བར་འཚལ་བས་བདུད་ཀྱི་ལྕགས་ཀྱུ་འདི་དག་ལས་ཤིན་དུ་འདའ་བར་བགྱིའོ། ། །།འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ། བམ་པོ་བཅུ་པ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས
iiif viewer powered by OpenSeadragon
117b - 118b