e-texts navigator
Collection
Volume
Page
Wylie

152b1 ཀྱང་མེད། འོངས་པ་འང་མེད། སོང་བའང་མེད། ཞུགས་པའང་མེད། ཚུལ་ཁྲིམས་ཀྱང་མེད། ཉམས་པ་འང་མེད། གཙང་བ་འང་མེད། དྲི་མ་འང་མེད། ཏིང་ངེ་འཛིན་ཀྱང་མེད། ཐུབ་པ་འང་མེད། ཐུབ་པའི་རྩ་བའང་མེད། བསམ་གཏན་ཡང་མེད། བསམ་གཏན
152b2 གྱི་རྩ་བ་ཡང་མེད། ཤེས་པ་འང་མེད། མཐོང་བའང་མེད། འདོད་པ་འང་མེད། རྩོད་པ་འང་མེད། ལམ་ཡང་མེད། ལམ་གྱི་འབྲས་བུ་ཡང་མེད། ཤེས་རབ་ཀྱང་མེད། ཤེས་རབ་ཀྱི་རྩ་བའང་མེད། སྣང་བ་མེད་པའང་མེད། གྲོལ་ཐར་པ་མེད་པ་འང་མེད། འབྲས་བུ
152b3 ཐོབ་པ་འང་མེད། སྟོབས་ཀྱང་མེད། སྟོབས་ཐོབ་པ་འང་མེད། འཇིགས་པ་འང་མེད། འཇིགས་པ་མེད་པའང་མེད། སེམས་ཀྱང་མེད། སེམས་ཀྱི་རྩ་བའང་མེད། འདུག་པ་འང་མེད། འགྲོ་བ་འང་མེད། ཆོ་ག་འང་མེད། ཚུ་ལོག་ཀྱང་མེད། ཕ་ལོག་ཀྱང་མེད། དྲན་ཞིང་འདུ
152b4 ཤེས་ཀྱིས་རྣམ་པར་བརྟགས་པ་འང་མེད། བྱང་ཆུབ་ཀྱང་མེད། བྱང་ཆུབ་ཀྱི་ཤས་ཀྱང་མེད། ཤེས་རབ་མེད། ཤེས་རབ་མེད་པ་འང་མེད། ས་འང་མེད། ཆུ་འང་མེད། རླུང་ཡང་མེད། སྡིག་ཀྱང་མེད། དཔལ་ཡོན་ཡང་མེད། ཆོས་ཀྱང་མེད། ཆོས་མེད་པའང་མེད།
152b5 སྡུག་བསྔལ་ཡང་མེད། སྐྱིད་པའང་མེད་དེ། འདྲན་ཏོར་བརྗོད་པ་ཐམས་ཅད་ཀྱི་རྩ་བའི་ཕྱི་མོ་ཀུན་བྱུང་སྟེ། ཐམས་ཅད་ཡོངས་སུ་བྲལ་བས་གྲངས་ཏེ་དུད་པའང་མེད་དོ། །ཤཱ་རིའི་བུ་གཅེས་པའི་ཚིག་བསྐྱོད་དོ། །ངའི་ཆོས་ཀྱིས་སེམས་སོ་ཅོག་ཐམས་ཅད་དང་། མཐོང་ངོ་ཅོག
152b6 ཐམས་ཅད་དང་། བདུད་ཐམས་ཅད་དང་། ལེ་ལོ་ཡང་སྐྱེ་བ་ཀུན་བཤིག་སྟེ། དྲན་ཞིང་སེམས་པ་ཐམས་ཅད་ཀུན་གྱི་སེམས་སོ། །སྨྲ་བའི་ཚིག་ཐམས་ཅད་གསལ་ཏོ། །ངའི་ཆོས་དེའི་ནང་ན་རྟག་པ་མེད། རྟག་པ་མེད་པའང་མེད། སྡུག་བསྔལ་མེད། སྐྱིད་པའང་མེད། དྲི་མ་འང་མེད། གཙང
152b7 བ་འང་མེད། ཆད་པའང་མེད། རྟག་པའང་མེད། བདག་ཏུ་ལྟ་བའང་མེད། སེམས་ཅན་ཡང་མེད། གང་ཟག་ཀྱང་མེད། ཚེ་འང་མེད། སྲོག་ཀྱང་མེད། སྐྱེ་བའང་མེད། འགོག་པ་འང་མེད། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཡང་དག་པར་གཤེགས་པས། ཆོས་ལ་ང་མེད། ང་ཞི་བ་ཡོད་པས་ན། མིང
152b8 མྱ་ངན་ལས་འདས་ཞེས་བྱ་ན། མྱ་ངན་ལས་འདས་པ་ཐོབ་པ་འང་མ་མཐོང་། ཤཱ་རིའི་བུ་སངས་རྒྱས་ཀྱང་མྱ་ངན་ལས་འདས་པར་མི་སེམས་སོ། །མྱ་ངན་ལས་འདས་པའི་སེམས་ཀྱང་མི་བྱེད། མྱ་ངན་ལས་འདས་པ་ལ་འདོད་ཆགས་ཀྱང་མེད་དོ། །དེ་ལྟ་བས་ན་དེ་ནི་རབ་ཏུ་ངོ་མཚར




iiif viewer powered by OpenSeadragon

152a - 153a

Texts on this page

J68 - sangs rgyas kyi mdzod kyi chos kyi yi ge