e-texts navigator
Collection
Volume
Page
Wylie

151a1 པ་ཡང་མེད། མཚན་མ་ཡང་མེད། བྱ་བ་ཡང་མེད་ན། མི་ཀུན་ཡིད་ཆེས་ཤིང་ཤེས་པར་བྱས་པ་ཕྱེད་ཀྱིས་ཡོད་དཀོན་ནོ། །ཤཱ་རིའི་བུ་དཔེར་ན་མི་ལ་ལ་ཞག་གིས་སེམས་ཅན་ཐམས་ཅད་ལག་པ་གཡོན་པར་བཞག་ལ། ལག་པ་གཡས་པས་སྟོང
151a2 གསུམ་གྱི་འཇིག་རྟེན་གྱི་ཁམས་དང་། རི་རབ་དང་། ཆུ་བོ་དང་། རྩི་ཤིང་བཏེག་སྟེ། སེམས་ཅན་དེ་རྣམས་ཐམས་ཅད་སེམས་འཐུན་པར་དགའ་སྐྱིད་ཅིང་ཡིད་ལ་ཐ་དད་པ་མེད་པར་བྱ་ནུས་ན་དེ་ཁྱོད་ཀྱི་ཡིད་ལ་ཇི་སྙམ། ཡོད་དཀོན་ནམ་མི་དཀོན། བཅོམ་ལྡན་འདས་དཀོན
151a3 ལགས་སོ། །ཤཱ་རིའི་བུ་ཡང་དག་པར་གཤེགས་པས་བཤད་པ་ཆོས་སོ་ཅོག་ཀུན་ལ་སྐྱེ་བ་ཡང་མེད། འགོག་པ་ཡང་མེད། མཚན་མ་ཡང་མེད། བྱ་བ་ཡང་མེད་ན། མི་ཀུན་ཡིད་ཆེས་ཤིང་ཤེས་པར་བྱས་པ་ཕྱེད་ཀྱིས་ཡོད་དཀོན་ནོ། །ཤཱ་རིའི་བུ་ཡང་དག་པར་གཤེགས
151a4 པས་བཤད་པ་ཆོས་ཀུན་ལ་ངོ་བོ་ཉིད་མེད་དེ། སྟོང་པ་ཅི་ཡང་མེད་པས་འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་ཤིང་ཤེས་པར་དཀའོ། །ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཆོས་དེ་ལ་འདུ་ཤེས་མེད་དེ་འདུ་ཤེས་སོ་ཅོག་དང་བྲལ་ལོ། །བསམ་པ་མེད་དེ་བསམ་པའོ་ཅོག་དང་བྲལ་ལོ། །བླང
151a5 བ་འང་མེད་དེ་དོར་བའང་མེད། འདྲན་ཏོར་ཡང་མེད། མྱ་ངན་ཚ་བའང་མེད། ཚུ་ལོག་གི་འགྲམ་ཡང་མེད། ཕ་ལོག་གི་འགྲམ་ཡང་མེད། སྐབས་ཀྱང་མེད། གཏི་མུག་མེད། རིག་པའང་མེད་དེ། ཚད་མེད་པའི་ཡེ་ཤེས་ཀྱིས་ན་གདོད་ཤེས་པར་རུང་སྟེ། བསམ་པས་ཤེས་པར
151a6 ནུས་པ་མ་ཡིན་ནོ། །སྤྱད་པ་ཡང་མེད། འདུ་ཤེས་ཀྱང་མེད། བསམ་པ་ཀུན་ལས་འདས། སེམས་མེད་ན་སེམས་ཀུན་ལས་འདས། ཕྱོགས་པ་འང་མེད། ལོག་པ་འང་མེད། བཅིང་བའང་མེད། བཀྲོལ་བ་ཡང་མེད། བདེན་པ་ཡང་མེད། མི་བདེན་པའི་ཆོས་ཀྱང་མེད། གཏི་མུག་གི་ཆོས
151a7 ཀྱང་མེད། གཏི་མུག་གི་དྲ་བ་ཡང་མེ་མིང་ཡང་མེད། ཚིག་མེད། བཤད་པ་མེད། མ་བཤད་པ་མེད། ཟད་པ་འང་མེད། མ་ཟད་པ་འང་མེད། སྤྱད་པ་འང་མེད། ལམ་ཡང་མེད། ལམ་གྱི་འབྲས་བུ་ཡང་མེད། བྲལ་བ་མེད་ན་བྲལ་བ་རྣམས་ལས་འདས་ཏེ། བསམ་པ་འང་མེད། གོ་འདུན
151a8 འདྲེས་པ་འང་མེད། བླང་བ་འང་མེད། དོར་བ་འང་མེད། ཐོབ་པ་འང་མེད། ཐོབ་པར་ཡང་མི་རུང་། བདེན་པ་རྣམས་ཀྱང་བསལ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཀྱང་བསལ་ཏེ། བདེན་པ་འང་མེད། བརྫུན་པ་འང་མེད། རྟག་པ་འང་མེད། མི་རྟག་པ་འང་མ་ཡིན




iiif viewer powered by OpenSeadragon

150b - 151b

Texts on this page

J68 - sangs rgyas kyi mdzod kyi chos kyi yi ge