e-texts navigator
Collection
Volume
Page
Wylie

204b1 ཞིང་བཞིན་ནོ། །གལ་ཏེ་གཅིག་པོ་མང་འགྱུར་ན། །ཐམས་ཅད་མ་བྱས་པར་འགྱུར་རོ། །བྱས་ན་རྣམ་པར་འཇིག་པར་འགྱུར། །འདི་ནི་རྟོག་གེ་ཅན་གྱི་ཚུལ། །དེ་ནི་མར་མེ་ས་བོན་འདྲ། །འདྲ་ཕྱིར་མང་དུ་ག་ལ་འགྱུར། །
204b2 དེ་ལྟ་བུར་ན་མང་དུ་འགྱུར། །དེ་ནི་རྟོག་གེ་པ་ཡི་ཚུལ། །ཏིལ་ལས་བལ་སྲན་སྐྱེ་མི་འགྱུར། །འབྲས་ནི་ནས་ཀྱི་རྒྱུ་ལས་མིན། །གྲོ་དང་འབྲུ་ཡི་རྣམ་པ་དག་།གཅིག་ནི་ཇི་ལྟར་མང་པོར་འགྱུར། །སྒྲ་བྱེད་པ་ནི་པ་ཎེ་ནི། །རྐང
204b3 པའི་མིག་དང་ཆེ་དབང་དང་། །ཚངས་པ་དང་ནི་གར་རྒ་དང་། །འཇིག་རྟེན་རྒྱང་པན་བྱེད་པ་འབྱུང་། །ཀཱ་ཏྱཱ་ཡ་ན་མདོ་བྱེད་པ། །མཆོད་སྦྱིན་བལ་ཀ་དེ་བཞིན་ཏེ། །བྷུ་དྷུ་ཀ་དང་སྐར་མཁན་དག་།རྩོད་པའི་དུས་ན་འབྱུང་བར་འགྱུར། །
204b4 བསོད་ནམས་བྱས་པའི་འཇིག་རྟེན་གྱི། །སྐྱེ་དགུའི་དཔལ་གྱི་སྟོབས་ཅན་འབྱུང་། །ཆོས་ཀུན་ལ་ནི་སྲུང་བྱེད་པ། །རྒྱལ་པོ་སྟོབས་ཅན་ས་གཏོང་བའོ། །གྲོག་མའི་མཁར་དང་སྲན་ཆུང་མིག་།གྱ་གྱུ་ཅན་དང་རྟ་འཛིན་བུ། །
204b5 ཁྱུ་མཆོག་དཔལ་ཆེན་རྣམ་དག་ཀྱང་། །མ་འོངས་དུས་ན་འབྱུང་བར་འགྱུར། །དོན་གྲུབ་པ་དང་ཤཱཀྱའི་བུ། །ཡང་དག་མཐའ་དང་ཕུར་པ་ལྔ། །ཚིག་སྟོབས་ཅན་དང་ཡིད་གཞུངས་པ། །ཕྱི་མའི་དུས་ན་འབྱུང་བར་འགྱུར། །
204b6 ནགས་ཀྱི་གནས་ན་འདུག་པའི་ཚེ། །དབྱུ་གུ་ཤིང་དང་ལྤགས་པ་དང་། །རྐེད་ཆིངས་དང་ནི་རིལ་བ་རྣམས། །ང་ལ་ཚངས་པ་སྦྱིན་པར་བྱེད། །རྣལ་འབྱོར་ལྡན་པ་ཆེན་པོ་སྟེ། །ཐུབ་པ་རྡུལ་མེད་ཅེས་བྱ་བའི། །
204b7 ཐར་པ་འཆད་པའི་སྟོན་པར་འགྱུར། །འདི་ནི་ཐུབ་པའི་རྒྱལ་མཚན་ཞེས། །ཚངས་པ་ཚངས་པ་བརྒྱ་རྣམས་དང་། །ལྷ་རྣམས་མང་པོར་བཅས་པ་ཡིས། །ང་ལ་མཁའ་ལས་པགས་བོར་ནས། །དབང་ལྡན་དེ་ཉིད
204b8 མི་སྣང་འགྱུར། །དབང་པོ་ལྷ་དང་བཅས་པ་དང་། །འཕགས་སྐྱེས་པོ་ལ་སོགས་པ་ཡི། །སྣ་ཚོགས་གོས་དང་སློང་སྣོད་ཀུན། །ནགས་ཀྱི་གནས་སུ་ང་ལ་འབུལ། །མི་སྐྱེ་སྨྲ་བའི་རྒྱུར་འདོད་པ། །སྐྱེས་སམ




iiif viewer powered by OpenSeadragon

204a - 205a

Texts on this page

J52 - 'phags pa lang kar gshegs pa'i theg pa chen po'i mdo