| | e-texts navigator
|
297a1 ལོང་བྱེད་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཁྱིམ་གྱི་གོ་རེ་ལོང་ཞེས་བྱ་བ་ནི་རང་གི་ཁྱིམ་གྱི་བྱ་བ་བྱེད་པའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན།
297a2 དགེ་སློང་མས་ཇི་ཙམ་ཅུང་ཟད་ཁྱིམ་གྱི་གོ་རེ་ལོང་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་ཉི་ཤུ་བཞི་པའི་དང་པོ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ། དེ་ནས་སྦོམ་དགའ
297a3 མོ་དགེ་སློང་མ་རྣམས་ལ་ལུང་ཀློག་དུ་འཇུག་པ་ན་དེའི་ཕྱི་བཞིན་དགེ་སློང་མ་སྟན་སྐྱེད་དུ་བཅུག་ཅིང་འདི་སྐད་ཅེས་ཁྱེར་ལ་གནས་ག་གེ་མོ་ཞིག་ཏུ་ཐོང་ཤིག་ཅེས་བསྒོ་བར་བྱེད་པ་དང་། དགེ་སློང་མ་རྣམས་ཀྱིས་ཁྱེད་དགེ་སློང་མ་རྣམས་སྟན
297a4 སྐྱེད་དུ་བཅུག་ཅིང་ཉམས་སུ་མྱོང་བར་བྱེད་པ་ན་བསོད་ནམས་མ་ཡིན་པ་མང་དུ་སྐྱེད་དོ། །ཞེས་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ
297a5 ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་ལས་སྟན་སྐྱེད་པ་ཉམས་སུ་མྱོང་བར་བྱེད་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོ་འོ། །དགེ་སློང་མ་རྣམས་ཤེས་བྱ
297a6 བ་ནི་ཆོས་འདི་པའོ་ལས་ཤེས་བྱ་བ་ནི་ལས་སོ། །སྟན་ཞེས་བྱ་བ་ནི་ཁྲིའུ་དག་གོ། །སྟན་སྐྱེད་དུ་བཅུག་ཅིང་ཞེས་བྱ་བ་ནི་ཕྱི་བཞིན་ཁྱེར་དུ་བཅུག་ཅིང་ངོ་། །ཉམས་སུ་མྱོང་བར་བྱེད་ན་ཤེས་བྱ་བ་ནི་རང་གིར་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ
297a7 བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་རྣམས་ལས་སྟན་སྐྱེད་པ་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་རྒས་པ་སྦྱོར་མི་བཟོད་པ
297a8 འམ། ནད་པ་ཞིག་ཆོས་འཆད་པ་ཡིན་ན་ལྟུང་བ་མེད་དོ། ལྟུང་བྱེད་ཉི་ཤུ་བཞི་པའི་གཉིས་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་གཙུག་དགའ་མོས་སྔ་དྲོ་ཤམ་ཐབས
iiif viewer powered by OpenSeadragon
296b - 297b