e-texts navigator
Collection
Volume
Page
Wylie

291b1 གི་ཆོས་གོས་ཤེས་བྱ་བ་ནི་ངུར་སྨྲིག་གོ། །སྦྱིན་ན་ཞེས་བྱ་བ་ནི་གཏོང་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སྦྱོང་གི་ཆོས་གོས་ཁྱིམ་པ་མོ་ལ་བྱིན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད
291b2 ཉི་ཤུ་གཅིག་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ། ། །། སྡོམ་ནི། སྨེ་གབ་ཚོགས་ཀྱི་སྨེ་གབ་དང་། །བཀྲེན་པ་ཡིད་རང་འཇུག་པ་དང་། །སྲ་བརྐྱང་འབྱུང་བར་བྱ་བ་དང་། །གོས་དག་བགོ་བར་བྱ་བའོ། །གླེང་གཞི་ནི་མཉན
291b3 ཡོད་ནའོ། །དེ་ནས་བུད་མེད་ནི་སྔོན་གྱི་ལས་ཀྱིས་འཕངས་པའི་ཤུགས་ཡོད་པས་དགེ་སློང་མ་རྣམས་ཟླ་བ་ངོ་རེ་ཞིང་ཟླ་མཚན་འཛག་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨེ་གབ་བཅང་བར་བྱའོ། །
291b4 གང་གི་ཚེ་བཅོམ་ལྡན་འདས་ཀྱིས་སྨེ་གབ་བཅང་བར་བྱའོ། །ཞེས་གསུངས་པ་དེའི་ཚེ་དེ་དག་ཐོགས་ཤིང་རྒྱུ་བ་ན་ལྷུང་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲད་བུས་བསྡམ་པར་བྱའོ། །ཡང་སྦོམ
291b5 དགའ་མོ་མི་ཐོགས་པས་དེ་བྱིན་པ་ལ་ཁྲག་འཛག་ཅིང་བསོད་སྙོམས་ལ་སོང་བ་བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱིས་མཐོང་ནས་དྲིས་པ། འཕགས་མ་བྱིན་པ་ལ་ཁྲག་འཛག་པ་འོ་ནི་ཅི་ལགས། དེས་འདི་སྐད་ཅེས་མ་ལ་དྲིས
291b6 ཤིག་། སྲིང་མོ་ལ་དྲིས་ཤིག་།བུ་མོ་ལ་དྲིས་ཤིག་ཅེས་སྨྲས་པ་ན། དེ་དག་བདག་ཅག་གི་ཁྱིམ་ཐམས་ཅད་ཀྱང་བཙོག་པར་འགྱུར་རོ་ཞེས་ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད། སྨོད་པར་བྱེད་པའི་སྐབས་དེ་དགེ
291b7 སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་སྨེ་གབ་མི་འཆང་ན་ལྟུང་བྱེད་དོ། །
291b8 ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །སྨྱེ་གབ་ཅེས་བྱ་བ་ནི་བུད་མེད་ཀྱི་མི་བདེ་བ་དགག་པའོ། །མི་འཆང་ན་ཞེས་བྱ་བ་ནི་རང་གིར་མི་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །




iiif viewer powered by OpenSeadragon

291a - 292a

Texts on this page

J5 - dge slong ma'i 'dul ba rnam par 'byed pa