| | e-texts navigator
|
290b1 བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་བཙོ་བླག་མཁན་ལ་གོས་འཁྲུར་འཇུག་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །གཙོ་བླག་མཁན་ཞེས་བྱ་བ་ནི་ཁྱིམ་པ་མོའོ། །གོས་ཤེས་བྱ་བ་ནི།
290b2 བདུན་པོ་གང་ཡང་རུང་བའོ། །འཁྲུར་འཇུག་ན་ཞེས་བྱ་བ་ནི་བཀྲུ་བཤལ་བྱེད་དུ་འཇུག་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་མི་གཙང་བས་གོས་པའི
290b3 གོས་འཁྲུར་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་ཉི་ཤུ་གཅིག་པའི་གཉིས་པ་རྫོགས་སྷོ།། །།དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་ཉི་ཤུ་དྲུག་པ།
290b4 གླེང་གཞི་ནི་མཉན་ཡོད་ནའོ། །བུད་མེད་ནི་བརྗེད་ངས་པ་ཡིན་པས་དགེ་སློང་མ་རྣམས་ཀྱིས་ཆོས་གོས་བྱིན་གྱིས་བརླབས་པ་བརྗེད་ནས་དེ་དག་གིས་བདག་ཅག་གི་གང་དག་ནི་བྱིན་གྱིས་བརླབས། གང་དག་ནི་བྱིན་གྱིས་མ་བརླབས་པ་མ་ཤེས
290b5 པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དེང་ཕྱིན་ཆད་དགེ་སློང་མ་རྣམས་ཀྱིས། ཚེས་བཅཝ་ལྔ་བཅཝ་ལྔ་ཞིང་ཆོས་གོས་བྱིན་གྱིས
290b6 བརླབ་པ་ཉམས་སུ་མྱོང་བར་བྱའོ། །དེ་ནས་སྦོམ་དགའ་མོས་ཚེས་བཅཝ་ལྔ་བཅཝ་ལྔ་ཞིང་ཆོས་གོས་བྱིན་གྱིས་བརླབ་པ་ཉམས་སུ་མྱོང་བར་མི་བྱེད་ནས། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་ཁྱོད་ཅིའི
290b7 ཕྱིར། ཚེས་བཅཝ་ལྔ་ཞིང་ཆོས་གོས་བྱིན་གྱིས་བརླབ་པ་ཉམས་སུ་མྱོང་བར་མི་བྱེད། དེས་འདི་སྐད་ཅེས་ཁོ་མོས་སྡེ་སྣོད་གསུམ་དྲན་ན་ཅིའི་ཕྱིར་ཁོ་མོས་ཆོས་གོས་བྱིན་གྱིས་བརླབ་པ་མི་དྲན་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ
290b8 སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།
iiif viewer powered by OpenSeadragon
290a - 291a