e-texts navigator
Collection
Volume
Page
Wylie

227a1 བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཐམས་ཅད་དུ་གནས་པར་མི་བྱའོ། །གནས་ན་ལྟུང་བྱེད་དོ། །ཡང་དགེ་ཚུལ་སྒྲ་གཅན་ཟིན་ལ་བརྟེན་ནས་ནུབ་གཉིས་ཚུན་ཆད་རྗེས་སུ་གནང་ངོ་། །དེ་ནས་བཅུ་གཉིས་སྡེ་རྣམས་ཀྱིས་འདི
227a2 སྐད་ཅེས་གང་དུ་ནུབ་གཉིས་ཡིན་པ་དེ་ལ་ནི་གསུམ་དུ་འགྱུར་འདད་ཅིག་། གང་དུ་གསུམ་ཡིན་པ་དེ་ལ་ནི་བཞིར་འགྱུར་འདད་ཅིག་ཅེས་སྨྲ་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས
227a3 ཀྱིས་བཀའ་སྩལ་པ། གནས་པར་མི་བྱའོ། །གནས་ན་ལྟུང་བྱེད་དོ། །དེ་ནས་དགེ་སློང་མ་དེ་རྣམས་ཀྱིས་དགེ་ཚུལ་མ་དག་དགེ་ཚུལ་གྱི་ཀུན་དགའ་ར་བའི་ཕྱི་རོལ་དུ་བྱུང་བ་ན་དེ་དག་མི་སྦེད་ཅིང་མ་བསྲུངས་པར་གྱུར་པའི་སྐབས་དེ་བཅོམ་ལྡན
227a4 འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ཀུན་དགའ་ར་བའི་ཕྱི་རོལ་དུ་དབྱུང་བར་མི་བྱའོ། །དེ་ལྟ་མོད་ཀྱི་གཞི་སྤང་བར་བྱའོ། །དེ་ལྟར་བྱས་པ་དང་། དགེ་སློང་མ་ཞིག་གིས་དགེ་ཚུལ་མ་ནད་པ་ཞིག་ཡོད
227a5 པ་དེ་ལ་ཁ་ཟས་ཙམ་བྱིན་ནས་བདག་གི་ལག་པས་བྱིན་ལེན་མ་བྱས་པར་མ་གྱུར་གྲང་ཞེས་སླར་ཡང་རེག་པར་མི་བྱེད་པ་དང་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་གི་ལག་གིས་བསྙོད་པར་བྱ་སྟེ་དེ་ལ་འགྱོད
227a6 པར་མི་བྱའོ། །དེ་ནས་དགེ་ཚུལ་མ་ནད་པ་དེ་དག་ཟས་ཀྱི་དུས་སུ་འདུག་པར་གྱུར་པ་ན་དགེ་སློང་མ་དེ་དག་རྟེན་པར་མི་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟན་གཅིག་ཏུ་འདུག་ལ་བརྟེན་པར་བྱ་སྟེ་དེ་ལ་འགྱོད་པར་མི་བྱའོ། །དེ་ནས་ཡང
227a7 ནུབ་མོར་གྱུར་པ་ན་དགེ་ཚུལ་མ་དེ་དག་བོར་ཏེ་དོང་བ་དང་། ནད་པ་དེ་ཡང་ནུབ་མོ་སྐོམ་སློང་བ་དང་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཁོ་ནར་ལྷན་ཅིག་གནས་པར་བྱ་སྟེ་དེ་ལ་འགྱོད་པར་མི་བྱའོ། །དེ་བཞིན་དུ
227a8 དགེ་སློང་མ་ན་ན་ཡང་དེར་དགེ་ཚུལ་མ་འམ། ནད་གཡོག་དག་གནས་པར་བྱ་ཞིང་སྣང་བ་དང་བཅས་པར་ཡང་གནས་པར་བྱ་སྟེ་དེ་ལ་འགྱོད་པར་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་།




iiif viewer powered by OpenSeadragon

226b - 227b

Texts on this page

J5 - dge slong ma'i 'dul ba rnam par 'byed pa