| | e-texts navigator
|
1b1 @#། །རྒྱ་གར་སྐད་དུ། བྷིཀྵུ་ཎཱི་པྲ་ཏི་མོཀྵ་སཱུ་ཏྲ། བོད་སྐད་དུ། དགེ་སློང་མའི་སོ་སོར་ཐར་པའི་མདོ། བམ་པོ་དང་པོ།
1b2 ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་འགྲོ་མགོན་གཅིག་དང་དམ་ཆོས་དང་། །འཕགས་ཚོགས་དཀོན་མཆོག
1b3 རྣམས་ལ་ཕྱག་འཚལ་ཏེ། །བདག་གིས་སྡུག་བསྔལ་རྣམ་པར་ཐར་པའི་རྒྱུ། །སོ་སོ་ཐར་པ་བཤད་ཀྱིས་འབད་པས་ཉོན། །སྙན
1b4 པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། །དམ་པའི་ཆོས་སྒྲ་སེང་གེའི་སྒྲ་བསྒྲོགས་པ། །ཐམས་ཅད་མཁྱེན་པ་དཀོན་མཆོག
1b5 མཛོད་བརྙེས་པ། །ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། །སྡུག་བསྔལ་རྒྱ་མཚོ་གཏིང་མཐའ་མེད་རྒལ་བ། །
1b6 འགྲོ་བའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ཏེ། །ཐམས་ཅད་མཁྱེན་པའི་བསླབ་གཞི་དཀོན་མཆོག་སྣོད། །འཕགས་པའི
1b7 ཚོགས་ཀྱི་དབུས་སུ་དབྱེ་བར་བྱ། །སངས་རྒྱས་འདུལ་བ་གངས་ཆེན་མཚོ། །གཏིང་མཐའ་མེད་པ་ཐམས་ཅད་ཀྱི། །
1b8 གནས་པའི་སྙིང་དང་སྙིང་པོ་ནི། །སོ་སོར་ཐར་པ་འདི་ཡིན་ནོ། །འདི་ནི་དམ་ཆོས་རྒྱལ་པོ་ཡི། །ཆོས་ཀུན་གྱི་ནི
iiif viewer powered by OpenSeadragon
1a - 2a