e-texts navigator
Collection
Volume
Page
Wylie

14a1 ཡང་དགེ་སློང་མ་གང་བཅའ་བ་འམ་བཟའ་བ་གསོག་འཇོག་བྱས་པ་ཟ་འམ་འཆའ་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་བྱིན་ལེན་མ་བྱས་པར་ཁ་ནས་མིད་པའི་ཟས་ཟ་ན་ཆུ་དང་སོ་ཤིང་མ་གཏོགས་ཏེ་ལྟུང་བྱེད་དོ། སྡོམ་ལ།
14a2 སྲོག་ཆགས་བཅས་དང་གཅེར་བུ་དང་། །དམག་ལ་ལྟ་དང་ཞག་གཉིས་དང་། །བཤམས་པ་འཁྲུག་དང་རྡེག་པ་དང་། གཟས་པ་དང་ནི་གནས་ངན་ལེན། །ཡང་དགེ་སློང་མ་གང་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་ན
14a3 ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་གཅེར་བུ་མོ་འམ། ཀུན་དུ་རྒྱུ་འམ། ཀུན་ཏུ་རྒྱུ་མོ་ལ་རང་གི་ལག་ནས་བཟའ་བ་དང་བཅའ་བ་བྱིན་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་དམག་ཆས་པ་ལ་ལྟར་འགྲོ་ན་ལྟུང་བྱེད་དོ། །དགེ་སློང་མ
14a4 དམག་ཆས་པ་ལ་ལྟར་འགྲོ་བ་དེ་ལྟ་བུའི་རྐྱེན་འགའ་ཞིག་བྱུང་ན་དགེ་སློང་མ་དེས་དམག་དེའི་ནང་དུ་ཞག་གཉིས་ཚུན་ཆད་གནས་པར་བྱའོ། །དེ་ལས་ལྷག་པར་གནས་ན་ལྟུང་བྱེད་དོ། །དགེ་སློང་མ་ཞག་གཉིས་དམག་དེའི་ནང་ན
14a5 གནས་པའི་ཚེ་ཡང་གལ་ཏེ་བཤམས་པ་འཁྲུག་ཏུ་འགྲོ་འམ། རྒྱལ་མཚན་གྱི་ཚོགས་མཆོག་གམ། དཔུང་གི་ཚོགས་སམ། གཡུལ་བཤམས་པའི་དམག་ལ་ལྟ་བ་ཉམས་སུ་མྱོང་བར་བྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ
14a6 གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་དགེ་སློང་མ་ལ་རྡེག་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ། ཡིད་མ་རངས་ནས་དགེ་སློང་མ་ལ་རྡེག་པ་གཟས་ན་ཐ་ན་ཐལ་མོས་ཀྱང་རུང
14a7 སྟེ་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཤེས་བཞིན་དུ་དགེ་སློང་མའི་གནས་ངན་ལེན་གྱི་ལྟུང་བ་འཆབ་ན་ལྟུང་བྱེད་དོ། ། སྡོམ་ལ། བདེ་དང་མེ་དང་འདུན་པ་དང་། །བསྙེན་པར་མ་རྫོགས་ཆོས་དང་སྨྲ། །དགེ་ཚུལ
14a8 ཁ་དོག་བསྒྱུར་བ་དང་། །རིན་པོ་ཆེ་དང་ཚ་བའི་དུས། །ཡང་དགེ་སློང་མ་གང་ཀླན་ཀ་ཚོལ་ཞིང་ཅི་ནས་ཀྱང་དགེ་སློང་མ་ལས་ཀླན་ཀ་བཙལ་བར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ། དགེ་སློང་མ་ལ་འདི་སྐད་ཅེས་འཕགས་མ་ཚུར་ཤོག་།




iiif viewer powered by OpenSeadragon

13b - 14b

Texts on this page

J4 - dge slong ma'i so sor thar ba'i mdo