| | e-texts navigator
|
149b1 ཐ་དད་པ་གང་ཞེ་ན། འདི་ལྟ་སྟེ། ཤིང་ལྗོན་པ་ཡལ་གའི་ལོ་མ་འདབ་མ་འབྱོར་པ་འམ་ཞེས་བྱ་བ་ནས། ཐུན་མོང་ཅི་ཞིག་ཡིན་ཞེ་ན། ཤིང་དྲུང་ངོ་ཞེས་བྱ་བའི་བར་རོ། །ཤིང་ལྗོན་པ་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། ཤིང་ལྗོན་པ
149b2 རབ་ཏུ་མང་པོ་ཡལ་གའི་ལོ་མ་མདབ་མ་འབྱོར་པ་གྲིབ་མ་ཐ་དད་པ་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ་དགེ་སློང་མ
149b3 ཤུལ་དུ་ཞུགས་པའི་ཉེན་ཀོར་གང་ལགས། འགྲོ་བ་ན་མདོམ་གང་། འགྲེང་བ་ན་མདོམ་གང་། འདུག་པ་ན་མདོམ་གང་། ཁོ་ར་ཁོར་ཡུག་ཡིན་ནོ། །བཙུན་པ་གལ་ཏེ་དགེ་སློང་མ་དག་ཤུལ་དུ་ཞུགས་ནས་ལྷན་ཅིག་གནས་པ་དང་། ཉེ་གནས་དག་ལ་ཆོས་གོས
149b4 དག་གཏད་དེ་དེ་སླད་བཞིན་མཆིས་ན་དེ་དག་གི་ཉེན་ཀོར་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་ཇི་སྐད་བྲམ་ཟེ་གྲོ་བཞིན་སྐྱེས་ཀྱི་རིགས་ལ་བར་མདོམ་བདུན་བདུན་གྱིས་བཅད་དེ་ཨ་མྲ་བསྐྱེད་ན། ཤིན་དུ་མེ་ཏོག་ཕུན་སུམ་ཚོགས་པ་དང་།
149b5 འབྲས་བུ་ཕུན་སུམ་ཚོགས་པ་དང་། ཡལ་ག་ཕུན་སུམ་ཚོགས་པར་འགྱུར་བར་གསུངས་པའི་ཨ་མྲ་གང་དག་ཡིན་པ་དེ་དག་གི་བར་ནི་མདོམ་བཞི་བཅུ་རྩ་དགུར་འགྱུར་རོ། །བཙུན་པ་རེ་ཤིག་གཙུག་ལག་ཁང་གཉིས་ཀྱི་མཚམས་སུ་མཆིས་ཉལ་བར
149b6 བགྱིད་ན་མཚམས་གང་ལགས། ཇི་ཙམ་ཆོས་གོས་ཀྱི་གྲཝ་ལུས་དང་མ་བྲལ་བ་དེ་སྲིད་དུ་ཆོས་གོས་དང་བྲལ་བར་མི་འགྱུར་རོ། །གང་གི་ཚེ་དེའི་ཆོས་གོས་ཀྱི་གྲཝ་ལུས་དང་བྲལ་བ་དེའི་ཚེ་ཆོས་གོས་དང་བྲལ་བར་གྱུར་ཏེ། དགེ་སློང་མའི
149b7 ཆོས་གོས་སྤང་བར་གྱུར་ཏེ་དེ་མ་སྤངས་པར་ཞེས་བྱ་བ་ནས། དང་པོ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ། །སྤང་བའི་ལྟུང་བྱེད་གཉིས་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་དགེ་སློང་མ་རྣམས་ལ་གོས་ཀྱི
149b8 རྙེད་པ་མང་པོ་འདི་ལྟ་བུ་འདི་བྱུང་སྟེ། གང་སུ་ཡང་རུང་བས་གོས་སྔོན་པོ་ཞིག་རྙེད་ནས་དེས་དེ་བྱེད་དུ་མི་འཇུག་པར་གང་གི་ཚེ་འདི་འདྲ་བའི་གོས་བདག་གིས་རྙེད་པར་གྱུར་པ་དེའི་ཚེ་བདག་གིས་ལངས་པར་བྱས་ལ་བཅང་བར་བྱའོ། །
iiif viewer powered by OpenSeadragon
149a - 150a