e-texts navigator
Collection
Volume
Page
Wylie

316b1 ཏན་རྒྱ་མཚོ་དཔག་མེད་པ། །སངས་རྒྱས་དམ་ཆོས་འཕགས་པ་ཡི། །དགེ་འདུན་དུས་གསུམ་བཞུགས་པ་རྣམས། །མ་ལུས་པ་ལ་སྐྱབས་སུ་མཆི། །མི་དགེ་ཐམས་ཅད་བཤགས་པར་བགྱི།།
316b2 འགྲོ་བའི་དགེ་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་རབ་བསྐོར་བར། །རྫོགས་སངས་རྒྱས་ལ་བསྐུལ་མ་འཚལ། །ཀུན་མཁྱེན་སྤྱན་གྱིས་གཟིགས་པ་ཡི། །བདག་དགེ་ཆུང་ཡང་གང་མཆིས
316b3 པ། །དེས་ནི་གཏན་དུ་བྲལ་བ་དག། ཐམས་ཅད་ཉེ་བར་ཞི་གྱུར་ཅིག། རྣམ་པ་ཀུན་མཆོག་ལྡན་པ་ཡི། །སྟོང་པ་ཤེས་པའི་ཏིང་ངེ་འཛིན། །བྱང་ཆུབ་བར་གྱི་ཚེ་རབས་སུ། །རྟག་ཏུ་བདེ་དང
316b4 ལྡན་པར་ཤོག། རྣམ་པར་མི་རྟོག་ལྷུན་གྱིས་གྲུབ། །རྟག་ཏུ་མཉམ་པར་བཞག་གྱུར་ཅིག། ཟླ་ཉི་ནོར་བུ་རོལ་མོ་ལྟར། །སེམས་ཅན་དོན་ལ་འཇུག་པར་ཤོག། ཇི་ལྟར་རྒྱལ་བ་མཁས
316b5 པ་རྣམས། །ཤེས་རབ་ཕ་རོལ་ཕྱིན་ཐབས་བསྔོ། །དེ་ལྟར་བདག་གི་དཀར་པོ་རྣམས། །བྱང་ཆུབ་ཏུ་ནི་བསྔོ་བར་བགྱི། །དཀོན་མཆོག་གསུམ་ལ་དམིགས་པ་ཡི། །བདག་གི་ལུས་ངག
316b6 ཡིད་དགེ་དང་། །སྦྱིན་པ་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ལས་བྱུང་གང་། །དེ་དག་ཀུན་གྱིས་བདག་ཉིད་ནི། །ཚངས་པར་སྤྱོད་པ་ལྡན་པ་དང་། །འཇིག
316b7 རྟེན་མགོན་གྱི་བསྟན་པ་ལ། །རང་འབྱུང་མངོན་དགའ་དབང་ལྡན་ཞིང་། །སངས་རྒྱས་ཀུན་གྱིས་གསུང་རབ་ཀྱི། །གཞུང་དོན་ཚིག་ལ་མཁས་གྱུར་ནས། །དམ་ཆོས་ཡོངས་སུ་འཛིན




iiif viewer powered by OpenSeadragon

316a - 317a

Texts on this page

H767 - 'phags pa yongs su bsngo ba'i rgyal po chen po sngags dang bcas pa