| | e-texts navigator
|
135b1 ལོ། །བད་ཀན་གྱི་ནད་སེལ་བའི་གཟུངས་རྫོགས་སོ།། །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཀྵ་ཡའི་ནད་སེལ་བའི་སྔགས། ན་མོ་ཧེ་ཏུ་ཧེ་ཀེ་སྭཱཧཱ། ལུས་ལ
135b2 ནད་བྱུང་ན་ནད་ཁོང་སྐེམས་ཀྱིས་བཏབ་པ་བསིལ་ཡབ་ལ་ཆུས་གཏོར་ཏེ་ལན་དྲུག་ཅུ་རྩ་གཅིག་སྔགས་ནས་དེའི་ལུས་ལ་གཡབས་ན་ནད་མེད་པར་འགྱུར། ཀྵ་ཡའི་ནད་སེལ
135b3 བའི་གཟུངས་རྫོགས་སོ། ། །།འཕགས་པ་རིམས་དང་། སྲོག་ཆགས་ཀྱིས་མི་ཚུགས་པ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ོཾ་ཛ་ཛ་རེ། པརྞ་ཤ
135b4 བ་རི་སྭཱཧཱ། ན་མཿསིད་ཧ་བྱཱ་གྷྲ། རཀྵུ་ཏ་རཀྵུ། ཁ་ཐིན་དྲ་མེ་ཁ་མེ་ཁ། ཙན་ཏི་ཏི་བ་ཏ་ཡེ། རོ་ག་ནི་དཱི་པ་ས་ཏ་ཡེ་སྭཱཧཱ། དྲིལ་བུ་ལ་ལན་བདུན་སྔགས་ཏེ་གང་གིས་ས་ཕྱོགས
135b5 སུ་དཀྲོལ་བ་དང་། བྱ་དང་། གཅན་གཟན་དང་། སྲིན་བུ་དང་། བྱི་བ་དང་། རིམས་ནད་ཐམས་ཅད་བསྲུངས་པར་འགྱུར་རོ། །རིམས་དང་། སྲོག་ཆགས་ཀྱིས་མི་ཚུགས་པའི་གཟུངས
135b6 རྫོགས་སོ། ། །།རྒྱ་གར་སྐད་དུ། ཨཱརྱ་པྲཛྙཱ་པཱ་ར་མི་ཏ་ཤ་ཏ་ས་ཧ་སྲ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་གཟུངས།
135b7 བཅོམ་ལྡན་འདས་མ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་མུ་ནི་དྷརྨེ། སཾ་གྲ་ཧ་དྷརྨེ། ཨ་ནུ་གྲ་ཧ་དྷརྨེ། བི་མུཀྟི་དྷརྨེ། སཱ་ར་ཨ་ནུ་གྲ་ཧ་དྷརྨེ། བཻ་ཤྲ
iiif viewer powered by OpenSeadragon
135a - 136a