e-texts navigator
Collection
Volume
Page
Wylie

59b1 པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་དང་། འཇའ་ཚོན་དང་། སྨིག་རྒྱུ་དང་། ཆུ་ཟླ
59b2 དང་། གཟུགས་བརྙན་ལྟ་བུར་མཐོང་ངོ་། །དེའི་ཨུཏྤལ་ལས་བྱུང་བའི་སྒྲོལ་མ་ཞགས་པ་མ་སྐུ་མདོག་སེར་པོ། ཕྱག་གཉིས་ཞགས་པ་འཛིན་པ། ཁྲོས་པའི་སྐུ་རིན་པོ་ཆེའི
59b3 དོ་ཤལ་དང་། སྙན་ཆ་དང་། དཔུང་རྒྱན་དང་། རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། གཞོན་ནུ་ལང་ཚོ་ལ་བབ་པ། ཅུང་ཞིག་ཁྲོས་པའི་ཞལ་དང་བཅས་པ། ཞབས་བརྐྱང
59b4 བསྐུམ་དུ་ཟླ་བ་དང་པདྨའི་སྟེང་ན་བཞུགས་པའོ། །ནུབ་ཀྱི་སྒོར་ཟླ་བ་དང་པདྨའི་སྟེང་དུ་ཏུ་ལས་བསྐྱེད་པའི་ཨུཏྤ་ལ་ས་བོན་དང་བཅས་པས་འཇིག་རྟེན་གྱི་ཁམས་ཐམས
59b5 ཅད་དུ་འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་དང་། འཇའ་ཚོན་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། གཟུགས་བརྙན་ལྟ་བུར
59b6 མཐོང་ངོ་། །དེའི་ཨུཏྤལ་ལས་བྱུང་བའི་སྒྲོལ་མ་ལྕགས་སྒྲོག་མ་སྐུ་མདོག་དམར་མོ། །ཕྱག་གཉིས་ལྕགས་སྒྲོག་འཛིན་པ། ཁྲོས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་། སྙན་ཆ
59b7 དང་། དཔུང་རྒྱན་དང་། རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། གཞོན་ནུ་ལང་ཚོ་ལ་བབ་པ། ཁྲོས་པའི་ཞལ་དང་བཅས་པ། ཞབས་བརྐྱང་བསྐུམ་དུ་ཟླ་བ་དང་པདྨའི་སྟེང་ན་བཞུགས




iiif viewer powered by OpenSeadragon

59a - 60a

Texts on this page

H676 - de bzhin gshegs pa thams cad kyi yum sgrol ma las sna tshogs 'byung ba zhes bya ba'i rgyud