| | e-texts navigator
|
49b1 སྐྱབས་མ་མཆིས་པ་རྣམས་ཀྱི་སྐྱབས་དང་། དཔུང་གཉེན་མ་མཆིས་པ་རྣམས་ཀྱི་དཔུང་གཉེན་དང་། མགོན་མ་མཆིས་པ་རྣམས་ཀྱི་མགོན་དུ་གྱུར་པ། སྡིག
49b2 པ་ཐམས་ཅད་ཟད་པར་བགྱིད་པ་མཆིས་ཏེ། གཟུངས་དེ་ཐོས་མ་ཐག་ཏུ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར། རིག་སྔགས་ཐམས་ཅད
49b3 ཀྱང་འགྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ང་སྔོན་བྱང་ཆུབ་སེམས་དཔར་གྱུར
49b4 ཏ་ཨེ་བྱང་ཆུབ་ཡོངས་སུ་ཚོལ་བ་ན་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཞེས་བྱ
49b5 བ་ཨ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཅེས་བྱ་བ་ད་ལྟར་ཡང་བཞུགས་ཏེ་འཚོ་ཞིང་གཞེས་ལ
49b6 ཆོས་ཀྱང་སྟོན་ཏོ། །འཁོར་དེ་ཉིད་ན་བྲམ་ཟེ་དབང་ཕྱུག་འོད་ཅེས་བྱ་བ། བྱང་ཆུབ་སེམས་དཔའི་ས་གསུམ་པ་ཐོབ་པར་གྱུར་པ་ཞིག་འདུག་པ་དེས་སྤྱན་རས
49b7 གཟིགས་དབང་ཕྱུག་གི་མ་ཞེས་བྱ་བའི་གཟུངས། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་འདི་བྲམ་ཟེ་བརྒྱ་སྟོང་མང་པོ་དང་། སེམས་ཅན་བྱེ་བ་ཁྲག་ཁྲིག་དུ་མ་ལས
iiif viewer powered by OpenSeadragon
49a - 50a