e-texts navigator
Collection
Volume
Page
Wylie

165b1 ཚད་བརྒྱ་ནས་ཀྱང་བུད་མེད་བཟང་མོ་བླངས་ནས་སྟེར་རོ། །མདོར་ན་བྲན་དང་། བྲན་མོ་དང་འདྲ་བར་ཇི་སྲིད་འཚོའི་བར་དུ་ལས་ཐམས་ཅད་བྱེད་དོ། །འབྱུང་པོ་འདུལ་བའི་རྒྱུད་ཆེན
165b2 པོ་ལས། ལས་ཀྱི་ཤ་ཟ་མོའི་ཆོ་ག་རྒྱས་པའི་ལེའུའོ།། །།དེ་ནས་འབྱུང་མོ་གཏུམ་མོ་ཆེན་མོ་ཀ་ཏ་ཡ་ན་གཏུམ་མོ་ཆེན་མོ་ལངས་ཏེ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེ
165b3 དཔལ་ཁྲོ་བོའི་བདག་པོ་ཆེན་པོའི་ཞབས་ལ་ཕྱག་འཚལ་ཏེ་རང་གི་སྙིང་པོ་ཕུལ་བ། ཨོཾ་ཏྲུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཀ་ཏ་ཡན་ཞི་བ་མའི་འོ། །ོཾ་བྷུ་ཛ་ལ་ཧཱུཾ་ཕཊ། ཀ་ཏ་ཡ་ན་ཆེན་མོའི་འོ།
165b4 ཨོཾ་ཨོཾ་ཧྲཱི་ཧྲཱི་ཧཱུཾ་ཧཱུཾ་ཧེ་ཧེ་ཕཊ་ཕཊ་སྭཱཧཱ། དྲག་མོ་ཀ་ཏ་ཡ་ནའི་འོ། །ོཾ་རཽ་དྲི་བྷ་ཡཾ་ཀ་རི་ཨཊྚ་ཧ་སི་ནི་སཱ་དྷ་ཀ་པྲི་ཡེ་མཧཱ་བི་ཙི་ཏ་རུ་པེ་རཏྣ་ཀ་རི་སུ་བརྞ་ཧ་ཏེ་ཡ་མ་ནི་ཀྲིནྟ་ནི་སརྦ་དུཿཁ
165b5 པྲ་ཤ་མ་ནི་ཨོཾ་ཨོཾ་ཨོཾ་ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཤཱི་གྷྲཾ་སིདྡྷི་པྲ་ཡཙྪ་ཧྲིཿཛ་སྭཱཧཱ། འབྱུང་པོའི་དབང་ཕྱུག་མ་གཏུམ་མོ་ཀ་ཏ་ཡ་ནའི་འོ། །ོཾ་ཡཾ་མ་ནི་ཀྲིནྟ་ནི་ཡ་ཀཱ་ལ་མྲྀ་ཏྱུ་ནི་བཱ་ར་ཎི་ཁངྐ་ཤུ
165b6 ལ་ཧ་སྟེ་ཤཱི་གྷྲཾ་པྲ་སིདྡྷི་དྷཱ་ཏུ་སཱ་དྷ་ཀ་མཱ་ཛྙཱ་པ་ཡ་ཏི་ཧྲཱིཿསྭཱཧཱ། ཀ་ཏ་ཡ་ན་དྲེགས་མའི་འོ། །ོཾ་ཧེ་མ་ཀུཎྜ་ལི་དྷ་ཀ་དྷཀ་ཛྭ་ལ་ཛྭ་ལ་དི་བྱ་ཀུཎྜ་ལི་བྷུ་ཥི་ཏེ་ད་མ་ནི་བྷ་ག་ཝ་ན་ཨཱ་ཛྙཱ་པ་ཡ
165b7 ཏི་སྭཱཧཱ། ཀ་ཏ་ཡ་ན་རྣ་ཆ་ཅན་གྱིའོ། །ོཾ་བྷྲྀ་ཀུ་ཊི་མུ་ཁི་ཀ་ཧ་ཀ་ཧ། དྷ་བ་དྷ་བ། ཛྭ་ལ་ཛྭ་ལ། ཧུ་ཏ་ཨ་ས་ན་མུ་ཁི་ཨཱ་གཙྪ་ཨཱ་གཙྪ་བེ་ཏ་ཧོད་ཐ་བ་ནི། ཨཱ་བེ་ཤ་ཨཱ་བེ་ཤ། ཧཱུཾ་ཧཱུཾ།




iiif viewer powered by OpenSeadragon

165a - 166a

Texts on this page

H688 - 'byung po 'dul ba zhes bya ba'i rgyud kyi rgyal po chen po