e-texts navigator
Collection
Volume
Page
Wylie

15b1 པར་བསམ་པར་བྱའོ། །དེའི་རྗེས་ལ་ཨོཾ་ཙིཏྟ་པྲ་ཏི་བོ་དྷཾ་ཀ་རོ་མི། དེ་ལྟར་བརྗོད་ལ་སྣ་ཚོགས་པདྨ་འདབ་མ་བརྒྱད་པར་བསྒོམས་ནས་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར
15b2 བསམ་པར་བྱའོ། །ཟླ་བའི་སྟེང་དུ་ཧྲཱིཿའི་སྔགས་གྱུར་པ་ལས་བདག་ཉིད་འཇིག་རྟེན་དབང་ཕྱུག་བགོམ་པར་བྱ་སྟེ། སེམས་དཔའ་སྐྱིལ་མོ་ཀྲུང་གིས་བཞུགས་པ།
15b3 ཕྱག་གཉིས་པ། མདོག་དམར་པ། མཆན་དུ་ནི་གོས་དཀར་མོ་དེ་ལ་འཁྱུད་པ། པདྨ་དམར་པོ་ཁ་འབྱེད་ཅིང་གར་གྱི་ཚུལ་ཅན། ཁབ་ཀྱི་ཕྱག་རྒྱས་ཁ་འབྱེད་པར
15b4 བསྒོམས་ལ་འདི་བརྗོད་པར་བྱ་སྟེ། ཇི་ལྟར་པདྨ་དམར་པོ་འདི། །འདོད་ཆགས་སྐྱོན་གྱིས་མ་གོས་ཤིང་། །དེ་བཞིན་སྣ་ཚོགས་བག་ཆགས་སྐྱོན། །ཁམས་གསུམ
15b5 རྣམ་པར་དག་པའོ། །དབུ་རྒྱན་འོད་དཔག་ཏུ་མེད་པར་བསྒོམ་པར་བྱའོ། །དེ་ནས་འདི་བརྗོད་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཀྩི་ཏ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅ཧཾ།
15b6 དེ་ལྟར་བསྒོམས་ནས་ཕྱོགས་བརྒྱད་དུ་ལྷ་མོ་རྣམས་བསམ་མོ། །ོཾ་བི་ལོ་ཀི་ནི། ཨ་བ་ལོ་ཀི་ནི། ཨ་བ་ལོ་ཀ་ཡ་སྭཱཧཱ། ཤར་གྱི་འདབ་མ་ལ་རྣམ་པར་གཟིགས
15b7 མ་ཞེས་བྱ་བའི་ལྷ་མོ་པདྨ་དམར་པོ་བསྣམས་པའོ། །ོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ལྷོའི་པདྨ་ལ་བཅོམ་ལྡན་འདས་མ་སྒྲོལ་མ་པ་ལ་ཤའི་འདབ་མ་ལྟ་བུའི་པདྨ




iiif viewer powered by OpenSeadragon

15a - 16a

Texts on this page

H665 - 'jig rten dbang phyug gi rtog pa