| | e-texts navigator
|
221a1 དང་། ཆོག་འགྲངས་པ་དང་། ཡི་དྭགས་ཀྱི་ཁམས་སྤོང་བ་དང་། མཐོ་རིས་ཀྱི་ལྷར་སྐྱེ་བར་འགྱུར་རོ། །དགའ་བོ། གལ་ཏེ་དགེ
221a2 སློང་ཕའམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ཞིག་རྟག་ཏུ་གཟུངས་འདིས་ཁ་ཟས་ལ་བསྔགས་ཏེ་ཡི་དྭགས་ལ་སྦྱིན་པ་བྱིན་ན་བསོད
221a3 ནམས་ཚད་མེད་པ་སྙེད་ཡོངས་སུ་རྫོགས་པར་འགྱུར་ཞིང་། དེ་ནས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་ལ་མཆོད་པ་བྱས་པའི་བསོད་ནམས་དང་ཁྱད་པར
221a4 མེད་དེ། ཚེ་རིང་བ་དང་། བསོད་ནམས་དང་། མདངས་དང་། སྟོབས་སྐྱེ་ཞིང་འཕེལ་བ་དང་། དགེ་བའི་རྩ་བ་ཡོངས་སུ་རྫོགས་པ་དང་། མི་མ་ཡིན་པ་དང་།
221a5 གནོད་སྦྱིན་དང་། སྲིན་པོ་དང་། ཡི་དྭགས་མ་རུངས་པ་ཐམས་ཅད་ཀྱིས་གཙེ་ཞིང་གནོད་པར་བྱེད་མི་ནུས་པ་དང་། གཞན་ལ་གཟི་བརྗིད་ཚད་མེད་པ་དང་ལྡན
221a6 པར་འགྱུར་རོ། །གལ་ཏེ་གང་ཞིག་བྲམ་ཟེ་དང་། དྲང་སྲོང་ལ་སྦྱིན་པ་བྱེད་འདོད་ན། ཁ་ཟས་ཡོངས་སུ་དག་པ་སྣོད་གཅིག་གི་ནང་དུ་བཀང་སྟེ་གཟུངས་སྔགས
221a7 ལན་བདུན་བཟླས་ཏེ་འབབ་ཆུ་གཙང་མར་གཏོར་ན། དེ་ལྟར་བྱས་པས་ལྷ་རྫས་ཀྱི་ཞལ་ཟས་མཆོག་དམ་པར་གྱུར་ཏེ། དེས་ན་བྲམ་ཟེ་དང་། དྲང་སྲོང་དེ་དག་ཀྱང
iiif viewer powered by OpenSeadragon
220b - 221b