| | e-texts navigator
|
219b1 བཀའ་སྩལ་པ། ང་ལ་གཟུངས་སྔགས་གཟི་བརྗོད་ཚད་མེད་པའི་དབང་དུ་གྱུར་པའི་འོད་ཟེར་རྣམ་པར་རྒྱལ་བའི་ཤུགས་ཞེས་བྱ་བ་ཡོད་དེ། །གང་ཞིག་གིས
219b2 གཟུངས་འདི་བརྗོད་ན། ཡི་དྭགས་གངྒཱའི་ཀླུང་གི་བྱེ་མ་ཁྲག་ཁྲིག་བརྒྱ་སྟོང་སྙེད་དང་། བྲམ་ཟེ་དང་དྲང་སྲོང་ལ་སོགས་ཏེ་མང་པོའི་ཁ་ཟས་དང་གཏོར་མ་མཆོག་དམག
219b3 འགྱུར་ཏེ། དེ་དག་ལ་སོགས་པ་གཅིག་ཀྱང་ཁ་ཟས་ཡུལ་དབུས་འགྱུར་ཚལ་གྱི་བྲེ་ཚད་མས་བཅལ་པའི་བྲེ་བདུན་སྙེད་ཐོབ་པར་འགྱུར་རོ། །དགའ་བོ། ང་ཡང
219b4 བྲམ་ཟེར་གྱུར་པ་ན་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། དེ་བཞིན་གཤེགས་པ་དབང་སྒྱུར་ཡོན་ཏན་ཞེས་བྱ་བ་ལས་གཟུངས་འདི་ཐོས
219b5 བས་ན། དེའི་དབང་གིས་ཡི་དྭགས་ཚད་མེད་པ་སྙེད་དང་། དྲང་སྲོང་མང་པོ་ལ་ཁ་ཟས་དང་། གཏོར་མ་བྱིན་པར་གྱུར་ཏེ། ཡི་དྭགས་ཀྱི་ཁམས་སུ་སྐྱེས་པ་དེ
219b6 དག་ཀྱང་སྡུག་བསྔལ་ལས་རྣམ་པར་གྲོལ་ནས་མཐོ་རིས་ཀྱི་ལྷར་སྐྱེས་པར་གྱུར་ཏོ། །དགའ་བོ། །ཁྱོད་ཀྱིས་ཟུངས་ཤིག་།བསོད་ནམས་དང་ཚེའི་ཚད་ཀྱང་འཕེལ
219b7 ཞིང་སྐྱེ་བར་འགྱུར་རོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་གཟུངས་སྔགས་འདི་བཀའ་སྩལ་ཏོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ། སཾ་བྷ་ར་སཾ་བྷ་ར་ཧཱུཾ།
iiif viewer powered by OpenSeadragon
219a - 220a