| | e-texts navigator
|
219a1 བདག་བས་མཐའ་ཞིག་ན་ཆོས་ཡིད་ལ་བགྱིད་ཅིང་མཆིས་པ་ལས། ཡི་དྭགས་ཁ་ནས་མེ་འབར་བ་ཞེས་བགྱི་བ་དེ་བདག་ལ
219a2 འདི་སྐད་ཅེས་མཆིའོ། །ཁྱོད་ད་སྟེ་ཞག་བདུན་ན་ངེས་པར་ཚེའི་དུས་བྱས་ཏེ་ཡི་དྭགས་ཀྱི་ཁམས་སུ་སྐྱེ་བར་འགྱུར་རོ་ཞེས་མཆིའོ། །བདག་གིས་དེ་ལ་ཐབས
219a3 ཅི་བགྱི་ན། ཡི་དྭགས་ཀྱི་སྡུག་བསྔལ་དེ་ལས་ཡོངས་སུ་ཐར་པར་འགྱུར་ཞེས་དྲིས་ན། དེས་བདག་ལ་ཁྱོད་ཀྱིས་ཡི་དྭགས་གངྒཱའི་ཀླུང་གི་བྱེ་མ་ཁྲག་ཁྲིག
219a4 བརྒྱ་སྟོང་སྙེད་ལ་གཏོར་མ་བྱིན་ཏེ། བྲམ་ཟེ་དང་། དྲང་སྲོང་ལ་སོགས་པ་བརྒྱ་སྟོང་སྙེད་ལ་ཞལ་ཟས་མཆོག་དམ་པ་ཕུལ་ན་ཚེ་རིང་བར་འགྱུར་ཞེས་མཆི་ན་།
219a5 བཅོམ་ལྡན་འདས། བདག་གིས་ཇི་ལྟ་བུར་ཡི་དྭགས་དང་། དྲང་སྲོང་ལ་སོགས་པ་དེ་སྙེད་ཀྱི་ཁ་ཟས་འབྱོར་བར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས
219a6 དགའ་བོ་ལ་བཀའ་སྩལ་པ། ཁྱོད་འཇིགས་པར་མ་བྱེད་ཅིག་།ཁྱོད་ཀྱིས་ཡི་དྭགས་གངྒཱའི་ཀླུང་གི་བྱེ་མ་ཁྲག་ཁྲིག་བརྒྱ་སྟོང་སྙེད་དང་། བྲམ་ཟེ་དང་དྲང་སྟོང
219a7 ལ་སོགས་པ་ལ་ཁ་ཟས་དང་གཏོར་མ་མང་པོ་འབྱོར་བའི་ཐབས་ང་ལ་ཡོད་ཀྱི། །ཡིད་བློང་བར་མ་བྱེད་ཅིག་།དེ་ནས་བཅོམ་ལྡན་འདས་ཀྱིས་དགའ་བོ་ལ
iiif viewer powered by OpenSeadragon
218b - 219b