e-texts navigator
Collection
Volume
Page
Wylie

193a1 མན་ཆད་བཅིང་ངོ་། །འོག་ཏུ་ནི་སེམས་ཅན་དམྱལ་བ་ལ་ཐུག་པ་ཡན་ཆད་བཅིང་ངོ་། །ཐད་ཀ་ཁོ་ར་ཁོར་ཡུག་ཏུ་ནི་རི་ལ་ཐུག་པ་ཚུན་ཆད་བཅིང་ངོ་། །
193a2 གཞན་ཡང་འདི་བཏོན་པས་གཙུག་ལག་ཁང་དང་། དཀྱིལ་འཁོར་གྱི་སྲུང་མ། དུག་གསུམ་ནད་ཀྱི་སྨན་པ། རིག་འཛིན་ཡོངས་ཀྱི་སྲོག་ཤིང་། རྣལ་འབྱོར་ཀུན་གྱི་དགྲ་བླ།
193a3 བདུད་འདུལ་རྣམས་ཀྱི་དབང་ཕྱུག་།སྲིན་པོ་ལངྐ་པུ་རིའི་གྲོང་ཁྱེར་གཏན་ནས་རློག་པ། གནོད་སྦྱིན་གྱི་བུ་མོ་ནམ་མཁའི་གློག་མ་སྤྲིན་རྡུལ་དུ་རློག་པ། ལྷ་མ་ཡིན་གྱི་བུ་མོ་ནམ
193a4 མཁའི་གློག་མ་སྙིང་རྡུལ་དུ་རློག་པ། དཀོན་མཆོག་གསུམ་གྱིས་བསྟན་པ་སྲུང་བར་ཁས་བླངས་ཤིང་དམ་བཅས་པའོ། །འཕགས་པ་དཔལ་མགོན་པོ་ནག་པོ་ཞེས་བྱ་བའི
193a5 གཟུངས་རྫོགས་སོ། ། །།རྒྱ་གར་སྐད་དུ། དེ་བི་མ་ཧཱ་ཀཱ་ལི་ནཱ་མ་དྷ་ར་ཎི། བོད་སྐད་དུ། ལྷ་མོ་ནག་མོ་ཆེན་མོའི་གཟུངས། སངས་རྒྱས་དང་། བྱང་ཆུབ
193a6 སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོར་མ་ལོན
193a7 པ་ཞིག་ན་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་སོ། །དེ་ནས་འདོད་པའི་ཁམས་ཀྱི་དབང་ཕྱུག་མ་བདུད་ཀྱི་ཡུམ། གཤིན་རྗེའི་ལྕམ་མོ། ལྷ་མོ་ནག་མོ་ཆེན་མོས་བཅོམ་ལྡན




iiif viewer powered by OpenSeadragon

192b - 193b

Texts on this page

H635 - dpal mgon po nag po zhes bya ba'i gzungs
H636 - lha mo nag mo chen mo'i gzungs