| | e-texts navigator
|
166a1 ཡང་ནི་སྦྱོར་བའི་ལས་རྣམས་ནི། །དགོས་པ་ཆེན་པོ་འདི་གསུངས་སོ། །ཚོགས་ཀྱི་བདག་པོའི་སྐུ་ཙནྡན་ན་ནམ་རིན་པོ་ཆེ
166a2 ལས་བྱས་ཏེ་རབ་གནས་བྱས་ལ་མཆོད་པ་ཕུལ་ཏེ། སེར་བ་གཅོད་པར་འདོད་ན། སེར་བའི་བདག་པོ་རླུང་ལྷ་དང་། ཆུ་ལྷའི་གཟུགས་བྱས་ཏེ། སྤྲིན་གྱི
166a3 གཟུགས་དང་། འབྲུག་གི་གཟུགས་བྱས་ལ་ཚོགས་ཀྱི་བདག་པོའི་གདན་དུ་མནན་པར་བྱའོ། །བདག་ཉིད་ཀྱིས་ཀྱང་མནན་པར་བསམས་ཏེ་ཧི་ཀ་ཏཎྜ
166a4 ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་ན། སེར་བ་ཆོད་པར་འགྱུར་རོ། །ཡུངས་ཀར་ཡང་ཕྱོགས་སུ་གཏོར་བར་བྱའོ། །སེར་པ་འབེབས་པར་འདོད་ན། ཆུ
166a5 དང་སྤྲིན་གྱི་མཎྜལ་མངོན་པར་བྲིས་ཏེ་ཚོགས་བདག་ཆེན་པོ་འབྲུག་ལ་ཞོན་པར་བསྒོམས་ཏེ་བདག་གི་བཀའ་ཉན་པར་གསང་བའི་རྫས་སུ་བྱ་བ་ལ་། ལྕགས་ཕྱེ་གསེར་ཕྱེ་ཟངས་ཕྱེ་རྣམས།
166a6 །གནམ་ཆུ་འབྲས་ཀྱི་ཕྱེས་སྦྲུས་ཏེ། །སེར་བ་ཇི་ཙམ་འདོད་པའི་དབྱིབས་ཆེ་ཆུང་བྱས་ལ་ཁྲག་གི་བྱུགས་ལ་བདུན
166a7 དང་བདུན་ཕྲག་མང་དུ་བྱས་ཏེ་ཀ་ཀ་ཀི་ཀུའི་ཐོད་པའི་ནང་དུ་བླུགས་ཏེ་སྤྲིན་གྱིས་དགབ་པར་བྱའོ། །ཀ་ཀའི་ཐོད་པ་ལ་སྔགས་བྲི་བར་བྱའོ། །རིམ་པ་གསུམ་མོ། །རྟེན
iiif viewer powered by OpenSeadragon
165b - 166b