e-texts navigator
Collection
Volume
Page
Wylie

165b1 རྡོ་བླང་བར་བྱ། །དེ་ནས་བླ་རྡོ་བསྲེག་པར་བྱ། །དེ་ནས་བླ་རྡོ་མནན་པར་བྱ། །རྦད་པའི་གསང་སྔགས་རྒྱལ་པོ་ནི། ཡ་དང་ཀྵ་དང་ཀ་དང་ལ། །མ་དང་ཧཱ་དང་བྷེ་ར་བྷེ། །
165b2 དེ་བ་ཡཀྵ་ཡམ་དང་། །ནཱ་ག་ནཱ་ག་ཐུམ་རིལ་ཡཾ། །ཆེ་གེ་དགྲ་བོ་ཐུམ་རིལ་ཡ། །ཡ་ཡ་ཅེས་ཀྱང་བསྐུལ་བར་བྱ། །དེ་གསད་པ་ཡི་གསང་སྔགས་ནི། །མ་དང་ཧཱ
165b3 དང་བྷེ་ར་བྷེ། །ཡཀྵ་ལ་སོགས་གོང་དང་མཐུན། །དེའི་རྗེས་འདི་སྐད་བརྗོད་པར་བྱ། །ནཱ་ཤ་ཡ་ན་ལན་གཉིས་སོ། །ཤ་ཡ་ཙཱུ་རྞ་ཙཱུ་རྞ་ཡ། །ནཱ་ཡ་ཀ་ཏྲ་མཱ་ར་ཡ། །
165b4 ཧ་ན་ཙཀྲ་རི་མ་པ་གཉིས། །བི་ནཱ་ཡ་ཀ་ཛི་བྷིནྡ། །ཏནྟ་ཀ་ར་དེ་ནས་བརྗོད། །ཆེ་གེ་མཱ་ར་ཡ་ཞེས་པ། །ཧཱུཾ་ཧཱུཾ། ཕཊ་ཕཊ། དྲག་པོ་གསད་པ་སྔགས་ཀྱི་ལེའུ་སྟེ
165b5 བཅུ་བཞི་པའོ། ། །།དེ་ནས་ཡང་ནི་དྲག་པོའི་སྔགས། །ོཾ་བིགྷྞཾ་བྷི་བ་བྷི་སརྦ་བིདྱཱ་ཤ་ཡ་ཧྲྀ་ད་མི་ཏ་ཡ། །ཧཱུཾ་ཙི་ཏུ་པ་ཏུ། པྲ་མ་རུ་ཏཱ
165b6 ཡ། ཧ་ན་ཧ་ན། གྲྀཧྞ་གྲྀཧྞ། པ་ཙ་པ་ཙ་། བྲཧྨ་བྲཧྨ། བྲཧྨཱ་ཡ་བྲཧྨཱ་ཡ། ཧཱུཾ་ཧཱུཾ་ཕཊ་ཕཊ། འཁར་བའམ་ཡང་ན་ཟངས་དག་ལ། །ལོག་འདྲེན་ཆེན་པོའི
165b7 གཟུགས་བྱས་ལ། །དེ་ལ་རབ་གནས་མཆོད་པ་བྱ། །དགྲ་བོའི་གཟུགས་བརྙན་འོག་ཏུ་གཞུག་།ཚོགས་ཀྱི་བདག་པོའི་སྟན་དུ་བྱ། །དགྲ་དེ་འཆི་བར་ཐེ་ཚོམ་མེད། །




iiif viewer powered by OpenSeadragon

165a - 166a

Texts on this page

H628 - tshogs kyi bdag po chen po'i rgyud ces bya ba