e-texts navigator
Collection
Volume
Page
Wylie

164a1 གཏོར་མ་ཆེ་བ་གཅིག་དང་། རྒྱལ་པོ་ཆེན་པོ་བཞི་ལ་རེ་རེ་བྱ། གལ་ཏེ་མ་འབྱོར་ན། ཆེ་བ་གཅིག་བྱ། ལྷ་གསོས་རེ་རེ
164a2 དབུལ་བར་བྱའོ། །གཞན་ཡང་དྲག་པོའི་རྫས་སྤྱང་ཀིའི་ཐོང་བ་དང་། ཟི་ར་ནག་པོ་དང་། སྐེ་ཆེ་དང་། ཉུང་ཀར་དང་། ཉུང་ནག་གཞག་པར་བྱའོ། །ཚོགས
164a3 བདག་ཆེན་པོའི་དཀྱིལ་འཁོར་གྱི་ལེའུ་སྟེ་བཅུ་གཅིག་པའོ། ། །།དེ་ནས་གཞན་ཡང་བཤད་པར་བྱ། །སྒོམ་པའི་རིམ་པ་འདི་ལྟ་བུ།།
164a4 མ་བྱུང་འབྱུང་བར་མི་འགྱུར་བས། །ཤིན་ཏུ་གསང་སྟེ་བསྒྲུབ་པར་བྱ། །ཡ་ཡི་རང་བཞིན་སྟོང་པ་ལས། །སྣང་བའི་རང་བཞིན་ཧཱུཾ་དང་ནི། །ཡ་ཚོགས
164a5 བརྒྱད་པའི་ས་བོན་འབྱུང་། །མིང་གི་སྔགས་ལས་རབ་ཏུ་བསྐྱེད། །ཁྲོ་བོའི་སྤྲུལ་པས་སྟོང་གསུམ་བཀང་། །འོད་བསྡུས་ཐོག་མའི་ཧཱུཾ་ལ་འདུས།
164a6 ཚོགས་ཀྱི་བདག་པོ་ཆེན་པོ་དེས། །འགྲོ་བའི་དོན་དུ་བཞེངས་པ་ནི། །ཁྲོ་བོ་ཆེན་པོ་འཇིགས་པའི་གཟུགས། །ཡུམ་དང་འཁོར་ཡང་རྫོགས་པར་བསྐྱེད། །
164a7 ཕུ་བརྒྱད་ཀླུ་བརྒྱད་སེམས་དཔའི་ཚུལ། །རྒྱལ་པོ་དེ་བཞིན་ཁྲོ་བོའི་ཚུལ། །ཡི་གེ་བྷེ་དང་མིང་ལས་བསྐྱེད། །འོད་ཟེར་ཚུལ་གྱིས་སྤྱན་དྲངས་ལ། །ཛ་དང་ཛ




iiif viewer powered by OpenSeadragon

163b - 164b

Texts on this page

H628 - tshogs kyi bdag po chen po'i rgyud ces bya ba