e-texts navigator
Collection
Volume
Page
Wylie

163a1 ལ་སྟོབ། །ཤར་གྱི་ལེའུ་ཚེ་སེར་པོ་ལ། །ཁམས་གསུམ་གྱི་བདག་པོ་ལ་ཕུག་དང་། གྲི་འཛིན་པའོ། །ལྷོ་ཕྱོགས་ཀྱི་ལེའུ་ཚེ
163a2 སྔོན་པོ་ལ་གནོད་སྦྱིན་ཆེན་པོ་རྡོ་རྗེ་མཆུ་མ་ཧེ་དེ་བའི་གདོང་ཅན་དབྱུག་ཐོ་དང་། ཐོ་བ་འཛིན་པ་ནག་པོའོ། །ནུབ་ཕྱོགས་ཀྱི་ལེའུ་ཚེ་དམར་པོ་ལ་གནོད་སྦྱིན
163a3 གྱི་བདག་པོ་སྤྲིན་གྱི་བདག་ཅེས་བྱ་བ་དམར་བོ་ཆུས་གང་བའི་སྤྲིན་ཕུང་དང་། ཞགས་པ་འཛིན་པའོ། །བྱང་ཕྱོགས་ཀྱི་ལེའུ་ཚེ་ལྗང་གུ་ལ་གནོད་སྦྱིན
163a4 གྱི་བདག་པོ་ནོར་གནས་ཞེས་བྱ་བ་ལྗང་གུ་དབྱུག་ཐོ་དང་། རིན་པོ་ཆེའི་ཁ་ཊྲཱཾ་ག་ཐོགས་པའོ། །བྱང་ཤར་གྱི་ལེའུ་ཚེ་དཀར་པོ་ལ་བགེགས་ཀྱི་རྒྱལ་པོ་བི
163a5 ན་ཡ་ཀ་གླང་པོ་ཆེའི་གདོང་མདུང་རྩེ་གསུམ་པ་དང་། ལ་ཕུག་ཐོགས་པ་ནག་པོའོ། །ཤར་ལྷོའི་ལེའུ་ཚེ་དམར་པོ་ལ་ཡི་དྭགས་ཀྱི་རྒྱལ་པོ་དྲག་པོ་ཞེས
163a6 བྱ་བ་དགྲ་སྟ་དང་། ཐོད་པ་རིལ་པོ་ཐོགས་པ་ནག་པོའོ། །ལྷོ་ནུབ་ཀྱི་ལེའུ་ཚེ་ནག་པོ་ལ་སྤྲིན་ཕུང་གི་སྒྲོན་མ་ཞེས་བྱ་བ་སྤྲིན་ཕུང་དང་། གློག་གི་འོད་དུ
163a7 བཅས་པ་ལག་པ་གཉིས་ཀྱིས་ཐོགས་པའོ། །བྱང་ནུབ་ཀྱི་ལེའུ་ཚེ་ནག་པོ་ལ་བགེགས་ཀྱི་རྒྱལ་པོ་ལོག་འདྲེན་སྣ་ཡོན་ཞེས་བྱ་བ་གླང་པོ་ཆེའི་སྣ་ཅན་རྩེ་གསུམ




iiif viewer powered by OpenSeadragon

162b - 163b

Texts on this page

H628 - tshogs kyi bdag po chen po'i rgyud ces bya ba