| | e-texts navigator
|
337b1 པོ་གཤེགས་སུ་གསོལ། །བཞུད་ནས་ཀྱང་ནི་ཡོན་ཆུ་དེ། །དཀྱིལ་འཁོར་ལ་ཡང་དབུལ་བར་བྱ། །རྒྱ་ཆེན་ས་ཡི་དཀྱིལ་འཁོར་ན། །དངོས་གྲུབ་མཚུངས་མེད་འདོད་པ་ཡི། །རིག་སྔགས
337b2 འཆང་གིས་དེ་ལྟར་ནི། །མཆོད་པ་རྟག་ཏུ་ལེགས་པར་བྱ། །དེ་ནས་དངོས་གྲུབ་ཐོབ་པར་འགྱུར། །འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་ལས།
337b3 ཡི་དྭགས་ཕལ་པོ་ཆེའི་དཀྱིལ་འཁོར་རིམ་པར་ཕྱེ་བ་སྟེ་གཉིས་པའོ།། །།དེ་ནས་གཞན་ཡང་གསང་སྔགས་རྣམས་འབྱུང་སྟེ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱཿ། པྲེ་ཏ་མུ་ཁ་ཁ་ད
337b4 ཀླ་སྭཱཧཱ|་དབུས་ཀྱི་ཡི་དྭགས་ཀྱིའོ། །ོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། ཨ་ཀྲོ་དྷ་བི་ཛཱ་ཡ། ཨགྣི་ར་ཛྭཱ་ལི་ཏི་ཛི་ཧེ་པྲེ་ཧེ་ཤྭ་རི་ཧཱུཾ་ཕཊ། འདི་ནི། གྲཝའི་བེ་ཅོན་བཞིའི་སྔགས་སོ། །ོཾ་ན་མཿསརྦ
337b5 ཏ་ཐཱ་ག་ཏེ་བྷྱཿ། ཨོཾ་པྲེ་ཏ་ཐོད་ལཀྤ་ཡ་ཧཱུཾ་ཕཊ། ཤར་གྱི་སྒོའི་ཡི་དྭགས་ཀྱིའོ། །ོཾ་པྲེ་ཏ་བིགྷྣནྟ་ཀ་ཧཱུཾ་ཕཊ། ལྷོ་སྒོའི་ཡི་དྭགས་ཀྱིའོ། །ོཾ་པྲེ་ཏ་ཛྭ་ལ་ཧཱུཾ་ཕཊ། ནུབ་ཀྱི་སྒོའི་ཡི་དྭགས
337b6 ཀྱིའོ|་|ོཾ་ཀྵི་པྲ་པྲེ་ཏོ་ཏ་ཀི་ཊ་ཧཱུཾ་ཕཊ། བྱང་སྒོའི་ཡི་དྭགས་ཀྱིའོ། །ོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། པྲེ་ཏ་མཱ་ལེ་བི་ཀྲྀ་ཏེ། པྲེ་ཏ་མཱ་ལེ་བི་ཀྲྀ་ཏེ། པྲེ་ཏ་མཱ་ལེ་བི་ཀྲྀ་ཏེ། གུ་ཧྱེ་པེ་ཙི་ཀ་མུ་ཁཾ་སརྦ
337b7 རཀྵོ་པ་ཛྭཱུཥྚོ་ཧཱུཾ་ཕཊ། ཡི་དྭགས་ཕྲེང་བའི་འོ། །འདི་ནི། ཡི་དྭགས་ཀྱི་དཀྱིལ་འཁོར་གྱི་སྔགས་ཀྱི་ཚོགས་སོ། །ད་ནི། ཁྲོ་བོ་གཤིན་རྗེའི་གཤེད་སྦྱན་དངས་པ་ལ་སོགས་པའི་སྔགས
iiif viewer powered by OpenSeadragon
337a - 338a