e-texts navigator
Collection
Volume
Page
Wylie

335b1 གུ་གུལ་བདུག་པ་དེ་བཞིན་ནོ། །མར་མེ་མར་གྱི་མར་མེ་དང་། །མཁས་པས་སྙིང་པོ་འཇམ་པའོ། །དྲག་པོ་ཡི་ནི་ལས་ངག་ལ། །མི་ཡི་ཚིལ་གྱིས་བྱ་བར་བཤད། །གཏོར་མ་ཉ
335b2 དང་ཤ་ལ་སོགས། །སྦྱར་དུག་ལ་སོགས་ལྷག་པར་དབུལ། །དེ་ལྟར་དེར་ནི་ཚོགས་བསགས་ནས། །དེ་ནས་རིག་སྔགས་འཆང་བ་ཡིས། །སངས་རྒྱས་ཀུན་ལ་ཕྱག་བྱས་ཏེ།།
335b3 བྱང་ཆུབ་སེམས་དཔའ་ལ་དམིགས་ནས་ནི། །རི་མོ་ཡི་ནི་ལས་རྣམས་དག་།གལ་ཏེ་འབྲི་བར་མི་ནུས་ན། །ཡི་དྭགས་ཕལ་ཆེན་དབུས་དག་ཏུ། །པདྨ་སྔར་བྲིས་གང་ཡིན་པ། །དེ་ཡི་སྟེང
335b4 དུ་ཡི་དྭགས་ནི། །མཁས་པས་ཡིད་ཀྱིས་བསམ་པར་བྱ། །ཡི་དྭགས་ཀྱི་ནི་སྔགས་མཆོག་གིས། །བསམ་པ་དག་ནི་བྱས་ནས་ཀྱང་། །གྲ་ཡི་བེ་ཅོན་བཞི་པོ་ཡང་། །སྔགས་ཉིད་ཀྱིས།
335b5 ནི་བསམ་པར་བྱ། །གལ་ཏེ་འབྲི་བར་ནུས་ན་ནི། །སྔགས་ཉིད་སྟེང་དུ་གཞག་པར་བྱ། །སྒོ་ཡི་ཡི་དྭགས་བཞི་པོ་ཡང་། །གལ་ཏེ་བྲི་བར་མ་ནུས་ན། །དེ་བཞིན་ཡི་དྭགས་འཛིན་སྔགས
335b6 ཀྱིས|་|བྱིན་གྱིས་རློབ་པར་གསུངས་པ་ཡིན། །དེ་ཡི་ནང་དུ་རང་སྔགས་ཀྱིས། །བྱིན་གྱིས་བརླབ་བར་བྱ་བའི་ཕྱིར། །རྐང་ལག་མགོ་བོ་དཔུང་བ་དང་། །དེ་བཞིན་གཞན་ཡང་དཔུང་པ
335b7 དང་། །གཞན་ཡང་དེ་བཞིན་ལག་པའི་ཕྲེང་། །ཐོད་པ་ཀེང་རུས་མི་ལྤགས་རློན། །རོ་ཡི་ཕྲེང་བ་བསམ་པར་བྱ། །དེ་ཡི་ནང་དུ་རང་སྔགས་ཀྱིས། །བྱིན་གྱིས་བརླབ་ཏུ་གཞུག་པར་བྱ།




iiif viewer powered by OpenSeadragon

335a - 336a

Texts on this page

H581 - khro bo rnam par rgyal ba'i rtog pa gsang ba'i rgyud