| | e-texts navigator
|
332a1 ལ་ནི་ཏ་ཐཱ་ག་ཏཱ་སྨ་ར་བོ་དྷི་ཙིཏྟ། མ་ཏཱི་ལཾ་བོ་ད་ར། དེ་ཧི་མེ་བ་ར་ན་ཤངྑི་ནི་སྭཱཧཱ། བདག་དགེ་བ་འདི་ཉིད་ཀྱིས་སྦྲུལ་པའི་སྐུ་འདི་ཉིད་དུ་མཐོང་བར་གྱུར་ཅིག་།སྟོང་པ་ཉིད
332a2 ལ་བཟོད་པ་ཐོབ་པར་གྱུར་ཅིག་། སྟོང་པ་ཉིད་ཀྱི་དོན་མཐོང་བར་གྱུར་ཅིག་།སྟོང་པ་ཉིད་ཀྱིས་དོན་བྱེད་པར་གྱུར་ཅིག་།འདི་བརྗོད་པས་བར་དུ་གཅོད་པ་ཐམས་ཅད་ཀྱང་རྣམ་པར་སེལ་བར་འགྱུར་རོ།།
332a3 འཕགས་པ་མཆོག་ཐོབ་པ་ཞེས་བྱ་བ་རྫོགས་སོ།། །།ོཾ་ན་མོ་བྷ་ག་བ་ཏེ་རཏྣ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ་རཏྣ
332a4 བི་ཛ་ཡེ་སྭཱཧཱ། ཞེས་ལན་བརྒྱད་བརྗོད་པས་ཕྱག་བྱའོ།། །།ན་མཿསརྦ་བུདྡྷཱ་བོ་དྷི་སཏྭཱ་ནཾ། སརྦ་ཏྲ་སཾ་ཀུ་སུ་མི་དཱ་བྷི་ཛྙཱ་རཱ་སི་ནི་ན་མོ་སྟུ་ཏེ་སྭཱཧཱ། ཞེས་ལན་བརྒྱད་བརྗོད་པས་བསྟོད་པའོ།། །།ོཾ་སརྦ་ཏ་ཐཱ་ག་ཏཱ་པཱུ
332a5 ཛ་མེ་གྷ་པྲ་ས་ར་ས་མཱུ་ཧེ་སྥ་ར་ཎ་ཨི་མཾ་ག་ག་ན་ཀཾ་ཧཱུཾ་ཞེས་པས་མཆོད་པ་བྱིན་གྱིས་བརླབ་བོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། སརྦ་ཐཱ་ཨུངྒ་ཏེ་སྥ་ར་ན་ཨི་མཾ་ག་ག་ན་ཁཾ་ས་མནྟ་སྭཱཧཱ། ཞེས་ལན་བརྒྱད་བརྗོད་པས་མཆོད་པའི
332a6 སྦྲིན་འབྱུང་ངོ་། །ན་མཿསརྦ་བུདྡྷ་བོ་དྷི་སཏྭེ་བྷྱཿ། སརྦ་བི་ཏ་པཱུ་ར་པཱུ་ར། ཨ་བརྟཱ་ཨ་བྷ་ཡེ་སྭཱཧཱ། ཞེས་བརྗོད་པས་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་དང་ཉེ་གནས་དང་ཞབས་ལ་སྤྱི་བོས་ཕྱག་བྱས་པར
332a7 འགྱུར་རོ། ། །།རྒྱ་གར་སྐད་དུ། ཀྲོ་དྷ་བི་ཛ་ཡ་ཀལྤ་གུ་ཧྱ་ཏནྟྲ། བོད་སྐད་དུ། ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་གསང་བའི་རྒྱུད། བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།
iiif viewer powered by OpenSeadragon
331b - 332b