e-texts navigator
Collection
Volume
Page
Wylie

326b1 བཀའ་སྩལ་བ་དང་། ལྷའི་དབང་པོ་བརྒྱ་བྱིན་ཡི་རངས་ཏེ། དེའི་ཚེ་འདི་སྐད་དུ། ཁོ་བོ་ལྷ་ལས་མ་གྱུར་ལ། །འདི་ཉིད་ན་ནི་འདུག་བཞིན་དུ། ཁོ་བོས་ཚེ་ཡང་ཐོབ་ཟིན་གྱིས། །གྲོགས་དག་དེ་ལྟར་ཤེས་པར་གྱིས། །
326b2 ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །འདིའི་མཐུ་ཐམས་ཅད་ཀྱིས་བདག་གི་བར་དུ་གཅོད་པ་དང་། བགེགས་དང་ལོག་འདྲེན་ཐམས་ཅད་ནི་མེད་པར་གྱུར་ཅིག་།ཕུན་སུམ་ཚོགས་པ་ཐམས་ཅད་ནི་གྲུབ་པར་གྱུར
326b3 ཅིག་། ན་མོ་ཨ་ཀེ་ཏུ་ལེ་ན་གེ་ཙཎྜ་ན་ཡེ་སྭཱཧཱ། སརྦ་ཡ་ཏྭ་སཱ་དྷ་ནི་ཡེ་སྭཱཧཱ། སརྦ་དད་ཡེ་བི་ཤོ་དྷ་ནི་ཡེ་སྭཱཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་བཙུན
326b4 མོའི་འཁོར་དང་བཅས་ཤིང་འཁོར་དང་བཅས་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་བར་དུ་གཅོད་པ་ཐམས
326b5 ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།
326b6 དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ། ན་མ་སྟྲཻ་ཡ་དྷཱི་ཀཱ་ནཱཾ་ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲཱ་པྲ་ཏི་ཧ་ཏཱ་བཱ་པྟ་དྷརྨཱ་ཏཱ་བ་ལི་ནཱི། ཨ་ས་མ་ས་མས་མནྟོ་ནནྟ་བ་བྷི་ཤཱ་ས་ནི། ཧ་ར་ཧ་ར་སྨ་ར་སྨ་ར་ཎ། བི་ག་ཏ་རཱ་ག་བུདྡྷ་དྷརྨ་ཏེ། ས་ར་ས
326b7 ར་ས་མ་བ་ལ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། བྷ་ག་ཝཱན་མཧཱ་པ་ར་ལཀྵ་ཎེ། ཛྭ་ལ་ཛྭ་ལ་ནཱ་སཱ་ག་རེ་སྭཱཧཱ།། །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ




iiif viewer powered by OpenSeadragon

326a - 327a

Texts on this page

H564 - 'phags pa bar du gcod pa thams cad rnam par sbyong ba zhes bya ba'i gzungs
H565 - de bzhin gshegs pa'i yig brgya
H566 - thos pa 'dzin pa'i gzungs