e-texts navigator
Collection
Volume
Page
Wylie

465b1 ཆོ་གའོ། །ོཾ་བཱ་གཱི་ཤྭ་རི་མུཾ། སྔགས་འདི་སྔ་མ་བཞིན་དུ་བཟླས་པས་གོང་དུ་སྨོས་པའི་འབྲས་བུ་རྣམས་འབྱིན་པར་འགྱུར་ཏེ། འཁོར་ལོའི་དབུས་སུ་ཡི་གེ་མུཾ་དམར
465b2 པོ་འབར་བའི་ཕྲེང་བའི་ཚོགས་ཅན་བལྟ་བར་བྱའོ། །ཤེས་རབ་ཀྱི་འཁོར་ལོའི་ཆོ་གའོ། །ོཾ་དྷརྨ་དྷཱ་ཏུ། བཱ་གཱི་ཤྭ་ར་མུཾ་སྭཱཧཱ། སྔར་བཤད་པའི་རིམ་པས་ལྔ་པོའི་བདག
465b3 ཉིད་དུ་བསམས་ལ་ཡི་གེ་མུཾ་གྱི་སྙིང་པོ་ཅན་གྱི་འཁོར་ལོ་རྩིབས་བཅུ་དྲུག་པ་རྣམ་པར་བསམ་པར་བྱའོ། །དེ་ལྟར་རྣམ་པར་བསམས་ན་སྔར་བཤད་པའི་འབྲས
465b4 བུ་རྣམས་སྐྱེད་པར་འགྱུར་རོ། །ོཾ་བཛྲ་ཏཱི་ཀྵྞ་བ་ར་ད་མུཿསྭཱཧཱ། བདག་ཉིད་ཡི་གེ་མུཾ་ཡོངས་སུ་གྱུར་པ་ལས་མེའི་ཕུང་པོ་ལྟ་བུས་ཕྱོགས་ཀྱི་དཀྱིལ་འཁོར་སྣང་བར
465b5 བྱེད་པ། ངག་གི་དབང་ཕྱུག་དཔའ་བོ་གཅིག་པུ་གྲུབ་པར་ཡུད་ཙམ་རྣམ་པར་བསམས་ལ། རང་གི་སྙིང་གར་ཡི་གེ་ཨོཾ་ལས་ཡོངས་སུ་གྱུར་པའི་ཉི་མའི་དཀྱིལ
465b6 འ་ཁོར་འོད་ཟེར་བརྒྱ་སྟོང་གིས་རྣམ་པར་སྤྲས་པས་འཇིག་རྟེན་གྱི་ཁམས་མ་ལུས་པ་སྣང་བར་བྱེད་པ་རྣམ་པར་བསམས་པར་བྱས་ནས་ཟླ་བ་དྲུག་ཙམ་གྱིས་ངག་གི་དབང
465b7 ཕྱུག་དང་མཚུངས་པར་འགྱུར་ཞིང་སྔར་སྨོས་པའི་འབྲས་བུ་རྣམས་འདིས་སྐྱེད་པར་འགྱུར་རོ། །དཔའ་བོ་གཅིག་པུ་གྲུབ་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ལེ་དུ་གསུམ




iiif viewer powered by OpenSeadragon

465a - 466a

Texts on this page

H502 - dpa' bo gcig bu grub pa zhes bya ba'i rgyud kyi rgyal po chen po