| | e-texts navigator
|
272b1 འགྲུབ། །དེ་ནས་གསོལ་བ་འདེབས་པ་རྣམས། །ངོ་མཚར་ནས་ཆེད་དུ་བརྗོད་པ། རྨད་བྱུང་ཆེན་པོ་ཆོས་རྣམས་ལ། །རྣམ་པར་མི་རྟོག་ངོ་བོ་ཉིད། །ཆོས་རྣམས་རང་བཞིན་དག་པ་ལ།
272b2 ཀུན་རྫོབ་ཏུ་ཡང་བཤད་པ་མཚར|་།དེ་ནས་ཐོག་མར་གྱུར་པའི་འཁོར་རྣམས་འཇིག་རྟེན་གྱི་ཁམས་གཞན་ནས་བྱོན་པའི་སྟོན་པ་འཁོར་དང་བཅས་པ་ལ། །མཐོ་འཚམས་ནས
272b3 བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གནོད་བྱེད་ཐམས་ཅད་ཟློག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཨོཾ་བཛྲ་པཱ་ཎི་ཧྲྀ་ད་ཡ་གསུངས་པས་གཞན་ནས་བྱོན་པའི
272b4 སྟོན་པ་འཁོར་དང་བཅས་པའི་ཐུགས་བསྐུལ་ནས། ཏདྱ་ཐཱ། ཧཱུཾ་ཕཊ། ནཱ་ག་བི་དཱ་ར་ཎཱ་ཡ་ཕཊ། ནཱ་གོཏྶ་ད་ནཱ་ཡ་ཕཊ། ནཱི་ལཱཾ་བ་ས་ནཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏ་པ་ལ་པ་ར་ཀྲ་མཱ་ཡ་ཕཊ།
272b5 ཀྲི་ཏཱནྟཱ་ཡ་ཕཊ། པྀ་ཏཱནྟ་རཱུ་པཱ་ཡ་ཕཊ། རོ་ཥ་ཎཱ་ཡ་ཕཊ། ཏྲ་ས་ནཱ་ཡ་ཕཊ། ཀུཾ་བྷཎྚ་ཨུཏྶཱ་ད་ནཱ་ཡ་ཕཊ། པྲེ་ཏ་པི་ཤཱ་ཙ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཡཀྵ་ཨ་པསྨཱ་ར་བི་ནཱ་ཤ་ཀ་རཱ་ཡ་ཕཊ།
272b6 ཧ་ས་ཧ་ས། དཱ་ར་དཱ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། སརྦ་བིགྷྣཱན་བི་ནཱ་ཤ་ཀ་རཱ་ཡ་ཕཊ། སརྦ་ཤ་ཏྲཱུཾ་སཾ་གྷ་བི་ན་ཤ་ཀ་རཱ་ཡ་ཕཊ། ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི
272b7 སྭཱཧཱ། གསུངས་པ་ཙམ་གྱིས་དང་པོའི་འཁོར་རྣམས་སྐྲག་པར་གྱུར་ཏེ་ཆེད་དུ་བརྗོད་པ། ཨེ་མའོ་སྟོན་པ་བྱིན་རླབས་ཆེ། །ེ་མ་སྔགས་ཀྱི་ནུས་པ་ཆེ། །ེ་མ་ཆེ་བའི་ཉོན
iiif viewer powered by OpenSeadragon
272a - 273a