e-texts navigator
Collection
Volume
Page
Wylie

267a1 འགྲུབ་པར་འགྱུར་རོ། །འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ
267a2 དང་|་ལོ་ཙྪ་བ་བནྡྷེ་ཀླུའི་དབང་པོས་བསྒྱུར། ། །།རྒྱ་གར་སྐད་དུ། ཨཱཪྱ་བཛྲ་པཱ་ཎི་ནི་ལཱཾ་བར་དྷ་ར་ཏྲི་ལོ་ཀ་བི་ན་ཡ་ནཱ་མ་ཏནྟ། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ
267a3 གོས་སྔོན་པོ་ཅན་ཞེས་བྱ་བ་འཇིག་རྟེན་གསུམ་འདུལ་བའི་རྒྱུད། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས
267a4 རི་རབ་ཀྱི་བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ན་བཞུགས་ཏེ། བརྗོད་ཀྱིས་མི་ལང་པའི་ལྷ་དང་། མི་དང་། ལྷམ་ཡིན་ལ་སོགས་པའི་འཇིག་རྟེན་པ་དང་། བྱང་ཆུབ་སེམས
267a5 དཔའ་ལག་ན་རྡོ་རྗེ་ལ་སོགས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་རྣམས། མ་འཇིགས་ཤིག་།མ་སྐྲག་ཅིག་།མ་དང་ཞིག་ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས
267a6 འཇིག་རྟེན་གསུམ་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཐུགས་ཀའི་དཔལ་གྱི་བེའུ་ལ་འོད་ཟེར་ཁ་དོག་གསུམ་ལས་གྲུབ་པ། འོད་ཟེར་ཁ་དོག་གསུམ
267a7 པའི་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་འཇིག་རྟེན་གསུམ་དུ་བཀྱེ་སྟེ། ཐམས་ཅད་བཀུག་ནས་སླར་ཡང་འོད་ཀྱིས་སྣང་བར་བྱས་ནས། ཨོཾ་བཛྲ་ཙཎྜ་པ་ཙ་དུ་ཤྚཱནྟ་ཀ་ཧ་ན་ད




iiif viewer powered by OpenSeadragon

266b - 267b

Texts on this page

H468 - 'phags pa lag na rdo rje gos sngon po can gyi cho ga zhes bya ba'i gzungs
H469 - 'phags pa lag na rdo rje gos sngon po can zhes bya ba 'jig rten gsum 'dul ba'i rgyud