e-texts navigator
Collection
Volume
Page
Wylie

142b1 ནས་སངས་རྒྱས་ཉིད་ལ་སོགས་པའི་མཆོག་གི་དངོས་གྲུབ་ཐོབ་པ་ཡིན་ནོ། །དེ་ནས་སེམས་ཅན་ཐམས་ཅད་གཞུག་པའི་དོན་དུ་བརྟག་པར་བྱ་བ་ཡིན་ནོ། །རྡོ་རྗེ་སློབ་དཔོན་རང
142b2 ཉིད་སྔ་མ་བཞིན་དུ་ལུས་ལ་བརྒྱན་ནས་རབ་ཏུ་བདེ་བའི་རྡོ་རྗེའི་དམ་ཚིག་གི་ཕྱག་རྒྱ་རབ་ཏུ་བཅུག་སྟེ། དེ་བཞིན་དུ་དེ་ཁོ་ན་ཉིད་ཆེན་པོ་བསྐུལ་བས་ཡང་དག་པར་བསྐུལ་ལ
142b3 དགུག་པར་བྱ་ལ་འདི་སྐད་ཅེས་བརྗོད་དོ། །སྲིད་པའི་བདེ་བ་རྣམ་དག་ཕྱིར། །སྔར་གྱི་སྲིད་པ་ལ་ཁྱོད་དགའ། །འདོད་པ་ཀུན་གྱི་དངོས་གྲུབ་ཆེ། །འགྲོ་བ་ཀུན་ལའང་འགྲུབ
142b4 པར་གྱིས། །དེ་ནས་མཆོད་པ་བྱས་ལ། རང་གི་ལྷག་པའི་ལྷ་གང་ཡིན་པ་དེའི་དམ་ཚིག་ཕྱག་རྒྱ་མེ་ཏོག་དང་བཅས་པ་གཞུག་པར་བྱ་སྟེ། བཅུག་ནས་རྣ་བར་འདི་སྐད་ཅེས
142b5 བརྗོད་པར་བྱ་འོ། །ཆགས་བྲལ་འདུལ་བའི་འཇིག་རྟེན་ནི། །ཆགས་བྲལ་ཉིད་ཀྱིས་འདུལ་བར་འགྱུར། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་སེམས་དཔའ་སྦས་པ་ཡིན། །
142b6 འདོད་ཆགས་བྲལ་བ་ལྟ་བུ་ཡི། །སྡུག་བསྔལ་གཞན་ནི་རང་བཞིན་མེད། །དེ་བས་སེམས་ཅན་ཆགས་བྲལ་ལོ། །སླར་ཡང་ཡིད་ནི་མ་བྱེད་ཅིག་།དེ་ནས་མེ་ཏོག་ལ་སོགས
142b7 པ་སྙིང་པོ་འདིས་འདོར་དུ་གཞུག་གོ་། ཨོཾ་མཧཱ་སུ་ཁ་བཛྲ་སཏྭ་པྲ་ཏི་གྲྀ་ཧྞ་ས་མ་ཡ་སྟྭཾ། དེ་ནས་གང་དུ་བབས་པ་དེ་ནི་དེའི་ལྷ་ཡིན་ནོ། །དེ་ནས་དེ་ཁོ་ན་ཉིད་ཆེན་པོ་བརྗོད་པར




iiif viewer powered by OpenSeadragon

142a - 143a

Texts on this page

H454 - dpal mchog dang po'i sngags kyi rtog pa'i dum bu zhes bya ba