| | e-texts navigator
|
141a1 @#། །དྲིལ་བུ་བཏགས་པའི་བ་དན་རྣམས། །མཚམས་རྣམས་སུ་ནི་གཞག་པར་བྱ། །ལྕུག་མ་དང་བཅས་བུམ་པ་རྣམས། །སྒོ་ཡི་ཕྱི་རོལ་དག་ཏུ
141a2 གཞག་། རྡོ་རྗེ་དང་བཅས་གཞི་དང་བཅས། །ལྕུག་མོ་ཡོངས་སུ་བཟླས་ནས་ནི། །དྲི་ཆུས་གང་བའི་བུམ་པ་སྟེ། །ཕྱག་ན་རྡོ་རྗེའི་མདུན་གཞག་བྱ། །དེ་ལ་འདི་ལྟར་བདེ་བ
141a3 ཆེན་པོའི་དམ་ཚིག་གི་བདུད་རྩིའི་ཆུ་བྱིན་གྱིས་བརླབ་པའི་སྙིང་པོ་ནི། ཨོཾ་མཧཱ་སུ་ཁ་བཛྲ་ས་མ་ཡ། ཨ་བྷི་ཥེ་ཀ་ཛཿཧཱུཾ་བཾ་ཧོཿ། ལན་ཉི་ཤུ་རྩ་གཅིག་བཟླའོ། །ཆུ་འདི
141a4 གཏོར་བའམ། འཐུངས་ན་སྡུག་བསྔལ་ཐམས་ཅད་རབ་ཏུ་བྱང་བ་དང་། བདེ་བ་ཐམས་ཅད་རབ་ཏུ་འཕེལ་བར་འགྱུར་བ་ཡིན་ནོ། །དེ་ནས་རང་གི་དམ་ཚིག་རྣམས་ཀྱིས་རྡོ
141a5 རྗེ་འཆང་ལ་སོགས་པ་བསྒྲུབ་པར་བྱའོ། །ཛཿཧཱུཾ་བཾ་ཧོ། ཞེས་བརྗོད་ནས་དགུག་པ་དང་། གཞུག་པ་དང་། བཅིངས་ནས་སྐད་ཅིག་གིས་དབང་དུ་འགྱུར་རོ། །ཕྱག་རྒྱ
141a6 ཆེན་པོ་མཉམ་གཞག་སྟེ། །དེ་བཞིན་གཡས་སུ་མཛུབ་ལྕགས་ཀྱུས། །དགུག་པ་འདི་ནི་ལན་ཅིག་གིས། །འགྲུབ་སྟེར་རབ་ཏུ་གཞུག་པར་བྱ། །ོཾ་མཧཱ་སུ་ཁ་བཛྲ་སཏྭ། ཨ
141a7 ཨ་ཧི་ཤཱི་གྷྲཾ་མཧཱ་སུ་ཁ་བཛྲ་གུ་ཧྱ་ས་མ་ཡ་ནུ་སྨ་ར་ཕྲ་བྷཱུ་ཏ་ས་མ་སྟྭཾ་ཧྲཾ་ད་ཡཾ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྚོ་མེ་བྷ་བ། ཨ་དྷི་ཏིཥྛ་བྷ་ག་བཱཾ་ཨ་ན་ཏི་ནཾ
iiif viewer powered by OpenSeadragon
140b - 141b