e-texts navigator
Collection
Volume
Page
Wylie

140b1 བརྩོན་པ། །གཡས་སུ་དག་པའི་དཀར་པོ་སྟེ། །ལེགས་པར་འཁྱུད་པའི་རྡོ་རྗེ་ཅན། །རྒྱབ་ཏུ་སྐུ་མདོག་སེར་པོ་སྟེ། །ཆུ་སྲིན་གྱི་ནི་རྒྱལ་མཚན་འཛིན། །གཡོན་དུ་སྐུ་མདོག་སྔོན་པོ
140b2 སྟེ། །ཕྱག་གཉིས་བསྙེམས་པ་འཛིན་ལ་སོགས། །མཆོད་པའི་སྣོད་རྣམས་འཛིན་པའོ། །མཆོད་པའི་ལྷ་མོ་བྲི་བར་བྱ། །སྒེག་མོ་བཞད་མ་གླུ་མ་དང་། དཀར་མོ་ལྷ་ཡི་བུ་མོའི་ཚོགས། །རྡོ་རྗེ་ལྕགས
140b3 ཀྱུ་ཞགས་པ་དང་། །རྡོ་རྗེ་ལྕགས་སྒྲོག་དྲིལ་བུ་རྣམས། །སྒོ་ནི་བཞི་པོ་རྣམས་ལ་ནི། །སྒོ་སྲུང་བཞི་པོ་དགོང་པར་བྱ། །དེ་ནས་དེ་དག་གི་སྙིང་པོ་རྣམས་ནི་འདི་ཡིན་ཏེ། ཧཱུཾ་བཛྲྀ་དྲཥྚི
140b4 སཱ་མ་ཀེ་མ་ཊ། ཧཱུཾ་བཛྲ་ཀི་ལི་ཀི་ལཱ་ཡ་ཧཱུཾ། ཧཱུཾ་སྨ་ར་བཛྲ་བནྡྷ་ཧཱུཾ། ཧཱུཾ་ཏུཥྚ་བཛྲི་ཎི་ཧཱུཾ། རྡོ་རྗེ་བྲན་ནོ། །དེ་ནས་མཆོད་པའི་ལྷ་མོ་རྣམས་ཀྱི་ནི། ཧཱུཾ་མ་དྷུ་ར་བཛྲི་ཧཱུཾ། ཧཱུཾ་བཛྲ་མེ་གྷེ་ཧཱུཾ། ཧཱུཾ་ཤཱ་རད
140b5 བཛྲི་ཧཱུཾ། ཧཱུཾ་བཛྲ་ཤི་ཤི་རི་ཧཱུཾ། དེ་ནས་ལྷའི་བུ་མོ་རྣམས་ཀྱི་ནི། ཧཱུཾ་བཛྲ་ལཱ་སྱཻ། མཧཱ་བ་ར་བཛྲི་ཎི། ཨོཾ་བཛྲ་གཱི་ཏྱེ་བཛྲ། ཨོཾ་བཛྲ་ནརི་ཏྱེ་བཛྲ། དེ་ནས་སྒོ་སྲུང་རྣམས་ཀྱི་ནི། ཛཿབཛྲ་ཨཾ་ཀུ་ཤི
140b6 པྲ་ཏི་ཧ་ར། ཧཱུཾ་བཛྲ་པཱ་ཤ་ག་ན། བཾ་བཛྲ་སྥོ་ཊ་དུ་ཧ། ཨཿབཛྲ་གྷནྜ་ཙྪེ་དྲ། །དེ་ལྟར་ལྷ་མོའི་དཀྱིལ་འཁོར་དུ། །བུད་མེད་གྲགས་པ་དེ་ཉིད་དགོད། །བཀོད་ན་དེ་དག་རྣམས་ཀྱིས་ནི། །
140b7 བྱིན་གྱིས་བརླབས་པ་ཉིད་དུ་འགྱུར། །དེ་ནས་ཕྱག་ན་རྡོ་རྗེ་འཛིན། །དཀྱིལ་འཁོར་ཀུན་ཏུ་བྲིས་བྱས་ནས། །བུམ་པ་གང་བ་ཇི་སྙེད་དང་། མེ་ཏོ་ལ་སོགས་ཀུན་གྱིས་མཆོད། །




iiif viewer powered by OpenSeadragon

140a - 141a

Texts on this page

H454 - dpal mchog dang po'i sngags kyi rtog pa'i dum bu zhes bya ba