| | e-texts navigator
|
138a1 @#། །པ། རྒྱ་ཆེ་བའི་དངོས་གྲུབ་ཀྱི་ཆོ་ག་ཐམས་ཅད་བརྟག་པའི་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་པ། ཅི་སྲིད་སྲིད་པའི་བར་གནས
138a2 པ། །དེ་སྲིད་སེམས་ཅན་དོན་མཆོག་མཛོད། །སེམས་ཅན་ཁམས་ནི་མཐའ་ཡས་དང་། །རྒྱལ་སྲས་སྲིད་པར་འདོད་པའི་ཕྱིར། །སྲིད་པའི་སྐྱོན་རྣམས་འཇོམས་ཕྱིར
138a3 དང་། །བདེ་བ་ཆེན་པོ་འཕེལ་བྱའི་ཕྱིར། །གསང་བའི་རྟོག་པ་མཆོག་གསུང་བའི། །རྗེས་སུ་གནང་བར་བདག་ལ་སྩོལ། །དེ་ནས་བཅོམ་ལྡན་འདས་དེ་བཞིན
138a4 གཤེགས་པས་ཆོས་ཐམས་ཅད་སྒྲིབ་པ་མེད་པ་ཉིད་ལ་ལྷག་པར་དགོངས་ནས། གདུལ་བྱ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྣ་ཚོགས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན
138a5 ལ་སྙོམས་པར་ཞུགས་ཏེ། མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་། ཐམས་ཅད་ཡོངས་སུ་བསྐྱང་བ
138a6 དང་། ཕན་པ་དང་། བདེ་བ་དང་། དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས་པ་དང་། ཡེ་ཤེས་དང་། ལས་དང་། མཆོག་གི་དངོས་གྲུབ་ཀྱི་རྒྱུར་འགྱུར་བའི་བར་དུ་དེ
138a7 བཞིན་གཤེགས་པ་ཐམས་ཅད་ཉིད་དང་། རྡོ་རྗེ་འཆང་ཆེན་པོ་ཐོབ་པ་མཆོག་གི་དངོས་གྲུབ་ཀྱི་དོན་བདེ་བ་ཆེན་པོའི་རྡོ་རྗེ་དང་པོ་དེ། དེ་བཞིན་གཤེགས་པ
iiif viewer powered by OpenSeadragon
137b - 138b