e-texts navigator
Collection
Volume
Page
Wylie

134b1 གཡོན་པ་ཁ་ཊྭཱཾ་ག་དང་བཅས་པས་འཇུག་པར་བྱའོ། །ཞུགས་ནས་སྙིང་པོ་བཟླས་པར་བྱ་འོ། །དེ་ནས་ཕྱག་རྒྱ་དང་། གར་གྱི་མཆོད་པ་བསྟབ་པར་བྱ་འོ། །དེ་ནས་ཡིད་ལ་འདོད་པའི
134b2 དངོས་གྲུབ་ཐམས་ཅད་སྟེར་བར་འགྱུར་རོ། །ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ། །མཁའ་འགྲོ་མ་ལ་སོགས་པ་གདོན་རྣམས་ཀྱིས་མི་ཚུགས་པ་དང་། འདི་ནི་ནོར་རྣམས
134b3 ཀྱང་བསྐྱེད་པར་འགྱུར་རོ། །ཇི་ལྟར་མངོན་པར་འདོད་པ་ཐམས་ཅད་ཀྱིས་མཉེས་པར་བྱེད་པ་དང་། གཏེར་ཐམས་ཅད་འབྱིན་པ་དང་། དངོས་གྲུབ་ཐམས་ཅད་བསྒྲུབ་པར་ནུས
134b4 པར་འགྱུར་རོ། །སློབ་མ་གཞུག་པ་ཡང་དེ་བཞིན་ནོ། །དེ་རྣམས་དང་འདི་དག་ཐམས་ཅད་འགྲུབ་པར་འགྱུར་རོ། །ལས་ཀྱི་དཀྱིལ་འཁོར་རོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད
134b5 པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། ཕྱི་རོལ་གྱི་རྡོ་རྗེའི་རིགས་ཀྱི་རྟོག་པ་རྫོགས་སོ། །ཕྱི་རོལ་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་བཞིའི་རྟོག་པའོ།། །།དེ་ནས་བཅོམ
134b6 ལ་དན་འདས་དེ་བཞིན་གཤེགས་པ་མཐའ་ཡས་མུ་མེད་པས་མཐར་ཐུག་ཅིང་མུ་མེད་པའི་ཆོས་དང་ལྡན་པས་ཡང་ཆོ་ག་འདི་མཐར་ཐུག་པར་བྱིན་གྱིས་བརླབ་པའི་ཕྱིར་ཆོས
134b7 ཐམས་ཅད་མཉམ་པ་ཉིད་ཀྱི་མཐར་ཐུག་པ་བྱིན་གྱིས་བརླབ་པ་རྡོ་རྗེ་ཞེས་བྱ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ




iiif viewer powered by OpenSeadragon

134a - 135a

Texts on this page

H453 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po