| | e-texts navigator
|
131b1 མ་དེ་བཞིན་དུ་བཅུག་ལ་ལག་པར་མདུང་རྩེ་གསུམ་པ་བྱིན་ནས་ཆོས་བཤད་པར་བྱའོ། །སེམས་ཅན་ཀུན་ལ་ཕན་ཕྱིར་དང་། །བསྟན་པ་ཐམས་ཅད་བསྲུང་ཕྱིར་དང་། །འདོད
131b2 ཀུན་བདག་པོ་ཉིད་ཀྱི་ཕྱིར། །དྲག་པོའི་ལས་ལ་གནས་པར་གྱིས། །དེ་ནས་ཕྱག་རྒྱའི་ཡེ་ཤེས་བསླབས་ཏེ་གཏོར་མ་སྦྱིན་པར་བྱའོ། །དེ་ནས་བརྩམས་ཏེ་འཇིགས་པ་མེད་པར
131b3 དངོས་གྲུབ་ཐམས་ཅད་དང་། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་བདེ་བ་དང་། ཡིད་བདེ་བ་ཐམས་ཅད་རྗེས་སུ་མྱོང་ནས་དྲག་པོའི་འཇིག་རྟེན་དུ་མཆོད་པར་འགྱུར་རོ། །
131b4 དཀྱིལ་འཁོར་ཆེན་པོ་ཞི་བའི་མདུང་ཐུང་གིས་མཚན་མ་ཞེས་བྱ་བའོ། །དེ་ནས་མ་མོ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་ཕྱག་བཙལ་ཏེ། དང་པོ་མགྲིན་གཅིག་ཏུ་ཐམས
131b5 ཅད་དགུག་པ་དང་། གཞུག་པ་དང་། གསད་པ་དང་། བསྒྲུབ་པའི་དམ་ཚིག་ཅེས་བྱ་བ་རང་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་འདི་ཕུལ་ལོ། །བྷྱོ། དེ་ནས་འདིར་དཀྱིལ་འཁོར་བཤད
131b6 པར་བྱ་སྟེ། ཟུར་བཞི་པ། བྱང་གི་སྒོ་ཅན་ཀྱི་དཀྱིལ་འཁོར་ཐིག་བཏབ་ལ། དབུས་སུ་ནག་པོ་ཆེན་པོ་གར་བྱེད་བཞིན་པ་གཞག་པར་བྱའོ། །དེའི་ཕྱོགས་དང་། མཚམས
131b7 ཐམས་ཅད་དུ་མ་མོ་བརྒྱད་བྲི་བར་བྱའོ། །འདི་ལྟ་སྟེ། དྲག་མོ་དང་། ཚངས་པ་མོ་དང་། ཁྱབ་འཇུག་མོ་དང་། གཞོན་ནུ་མོ་དང་། ནག་མོ་དང་། ནག་མོ་ཆེན་མོ་དང་། ཟ
iiif viewer powered by OpenSeadragon
131a - 132a